འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་5བ་ནས་བཟུང་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་ཡུལ་སྐོར་བ་མང་བའི་དུས་ཀྱི་རིན་གོང་
    ལྟར་བཙོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་5བ་ནས་བཟུང་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་ཡུལ་སྐོར་བ་མང་བའི་དུས་ཀྱི་རིན་གོང་ལྟར་བཙོང་རྒྱུ་ཡིན་ཏེ། ཡུལ་སྐོར་བ་ཉུང་བའི་དུས་ཀྱི་མི་རེའི་ཐེངས་རེར་སྒོ་འཛིན་དངུལ་སྒོར་100ཡིན་པ་ནས་མི་རེའི་སྒོར་200ཡིན་པར་སྤར་རྒྱུ་རེད། 
         མིག་སྔར། ཕོ་བྲང་པོ་ཏ་ལའི་སྒོ་འཛིན་ནི་ཡུལ་སྐོར་བ་མང་བའི་དུས་དང་ཉུང་བའི་དུས་ཀྱི་སྒོ་འཛིན་རིགས་གཉིས་སུ་ཕྱེ་ཡོད་པ་སྟེ། ཟླ་5ཚེས་1ཉིན་ནས་ཟླ་10ཚེས་31ཉིན་གྱི་བར་ནི་ཡུལ་སྐོར་མང་བའི་དུས་ཡིན་པ་དང་། ཟླ་11ཚེས་1ཉིན་ནས་ཕྱི་ལོའི་ཟླ་4ཚེས་30ཉིན་གྱི་བར་ནི་ཡུལ་སྐོར་ཉུང་བའི་དུས་རེད། ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་དེའི་མན་གྱི་སློབ་མ་དང་། རྒྱལ་ནང་གི་དབང་པོ་སྐྱོན་ཅན། རྒྱལ་ནང་གི་དངོས་ཞབས་དམག་མི། རྒྱལ་ནང་གི་དགེ་རྒན། རྒྱལ་ནང་གི་ལོ་60ཡན་གྱི་རྒན་རྒོན་བཅས་ཀྱིས་འབྲེལ་ཡོད་ལག་ཁྱེར་བསྟན་ནས་དུས་ཚིགས་དེའི་རིང་གི་སྒོ་འཛིན་རིན་གོང་གི་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་ཆོག་པ་དང་། གཟུགས་པོའི་རིང་ཚད་སྨི་1.2མན་གྱི་བྱིས་པས་སྒོ་འཛིན་ཉོ་མི་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།