འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་གྲབས་གསོག་ནགས་ཚལ་འཛུགས་སྐྲུན་རྟེན་གཞི་ཆེ་གྲས་དྲུག་བསྐྲུན་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་17ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ནགས་ལས་ཅུས་ཀྱི་གསར་འགྱུར་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ནགས་ལས་ཅུས་ཀྱིས་《རྒྱལ་ཁབ་ཀྱི་གྲབས་གསོག་ནགས་ཚལ་འཛུགས་སྐྲུན་འཆར་འགོད་》བཟོ་བཅོས་སྒྲིག་བཟོ་བྱས་ནས་2016ནས་2050ལོ་བར་ཤར་ལྷོའི་མཚོ་རྒྱུད་དང་། འབྲི་ཆུའི་དབུས་སྨད་རྒྱུད། རྨ་ཆུ་དང་ཧོའེ་ཧོ་གཙང་པོ། ལྷོ་ནུབ། པེ་ཅིང་དང་། ཐེན་ཅིང་། ཧོ་པེ་བཅས་དང་དེ་བཞིན་ཤར་བྱང་ས་ཁུལ་དུ་གྲབས་གསོག་ནགས་ཚལ་འཛུགས་སྐྲུན་རྟེན་གཞི་ཆེ་གྲས་དྲུག་བསྐྲུན་རྩིས་ཡོད་པ་རེད།
         རྒྱལ་ཁབ་གྲབས་གསོག་ནགས་ཚལ་ཞེས་པ་ནི་རང་བྱུང་ཆ་རྐྱེན་དང་འཚམ་པའི་ས་ཁུལ་དུ་མི་ཐབས་ལ་བརྟེན་ནས་ནགས་ཚལ་འདེབས་པ་དང་། ད་ཡོད་ནགས་ཚལ་སྒྱུར་གསོ་དང་། གསོ་སྐྱོང་། གསབ་འདེབས་གསབ་སྐྲུན་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། གཏོད་པའི་བཟོ་ལས་མ་བཅོས་རྒྱུ་ཆའི་ནགས་ཚལ་དང་རྩ་ཆེའི་ཤིང་རིགས་སོགས་སྤུས་ལེགས་ཐོན་མཐོའི་ནུས་པ་ལྡན་པའི་ནགས་ཚལ་ལ་ཟེར། རྒྱལ་ཁབ་ཀྱི་གྲབས་གསོག་ནགས་ཚལ་སྐྲུན་པ་དེས་ཤིང་ཆ་མཁོ་སྤྲོད་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་ནགས་ཚལ་གྱི་སྣོད་བཅུད་བདེ་འཇགས་འགན་ལེན་དང་རྒྱལ་ཁབ་ཀྱི་ཤིང་ཆའི་བདེ་འཇགས་སྲུང་སྐྱོང་ཐུབ་རྒྱུར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། 2012ལོར་ཆུ་འོད་ཚ་གསུམ་སོགས་རང་བྱུང་ཆ་རྐྱེན་བཟང་བའི་ལྷོ་ཕྱོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་7དུ་རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་གྲབས་གསོག་ནགས་ཚལ་འཛུགས་སྐྲུན་གྱི་ཚོད་ལྟའི་ཁུལ་སྐྲུན་ཡོད། 《རྒྱལ་ཁབ་ཀྱི་གྲབས་གསོག་ནགས་ཚལ་འཛུགས་སྐྲུན་འཆར་འགོད་(2013ནས་2020ལོ་བར་)》ནང་2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་25ཡི་ས་ཁོངས་ཆེན་པོ་6གི་རྟེན་གཞི་18རུ་རྒྱལ་ཁབ་ཀྱི་གྲབས་གསོག་ནགས་ཚལ་རྟེན་གཞི་མུའུ་དུང་ཕྱུར་2.1བསྐྲུན་རྒྱུ་ཡིན་ལུགས་བཏོན་ཡོད་པ་དང་རྟེན་གཞི་དེ་བསྐྲུན་ཟིན་རྗེས་ཤིང་ཆ་མཁོ་སྤྲོད་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་9500མང་དུ་ཕྱིན་ནས་རྒྱལ་ནང་གི་ཤིང་ཆ་མཁོ་སྤྲོད་ཀྱི་འགལ་བ་རིམ་བཞིན་སེལ་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།