འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་
    མཛད་སྒོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱིས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་
མཛད་སྒོ་གཉེར་བ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་2016ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་དེ་ཟླ་4ཚེས་10ཉིན་གྱི་སྔ་དྲོ་གཙུག་ལག་ཁང་དུ་གཉེར་བ་རེད། དགེ་ལུགས་པའི་གདན་ས་སེ་ར་དགོན་དང་། འབྲས་སྤུངས་དགོན། དགའ་ལྡན་དགོན་སོགས་དགོན་སྡེའི་རྒྱུགས་འབུལ་དགེ་འདུན་པ་11དམ་འཇོག་རྩོད་རྒྱུགས་ནང་ཞུགས་པ་རེད།
         དམ་བཅའ་འཇོག་པའི་རྩོད་རྒྱུགས་ཀྱི་མཛད་སྒོ་ཧྲིལ་པོ་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་དགེ་བཤེས་ལྷ་རམས་པའི་མཚན་གནས་རྒྱུགས་ལེན་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་གཉེར་འགན་ཁུར་བ་རེད། ད་ཐེངས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོའི་ནང་ཞུགས་མཁན་དགོན་སྡེ་མང་ཤོས་ཡིན་པ་དང་རྒྱུགས་ལེན་འགྲན་རྩོད་དྲག་པོ་ཡོད་པ་རེད། རྒྱུགས་ལེན་དཔྱད་བསྡུར་ནན་པོ་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་སེ་ར་དགོན་གྱི་རྒྱུགས་འབུལ་དགེ་འདུན་པ་བསྟན་འཛིན་མཐུ་སྟོབས་གྲགས་པར་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཨང་དང་པོ་ཐོབ་པ་དང་། ཆབ་མདོ་གྲོང་ཁྱེར་བྱམས་མདུན་དགོན་གྱི་དགེ་འདུན་པ་བློ་བཟང་འོད་དཀར་ལ་ཨང་གཉིས་པ་ཐོབ་པ། ལྷ་ས་གྲོང་ཁྱེར་དགའ་ལྡན་དགོན་གྱི་དགེ་འདུན་པ་བློ་བཟང་བསྟན་འཛིན་ལ་ཨང་གསུམ་པ་ཐོབ་པ། གཞིས་རྩེ་གྲོང་ཁྱེར་བཀྲས་ལྷུན་དགོན་གྱི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལ་ཨང་བཞི་པ་ཐོབ་པ། ལྷ་ས་གྲོང་ཁྱེར་འབྲས་སྤུངས་དགོན་གྱི་དགེ་འདུན་པ་ངག་དབང་མི་འགྱུར་དང་། ཆབ་མདོ་གྲོང་ཁྱེར་དབྱེན་འདུམ་དགོན་གྱི་དགེ་འདུན་པ་བློ་བཟང་དབང་རྒྱལ། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་དགོན་གྱི་དགེ་འདུན་པ་བློ་བཟང་བྱང་ཆུབ། ཆབ་མདོ་གྲོང་ཁྱེར་བྱམས་པ་གླིང་གི་དགེ་འདུན་པ་བྱམས་པ་འབྱུང་གནས། ནག་ཆུ་ས་ཁུལ་ཆོས་འཁོར་དགོན་གྱི་དགེ་འདུན་པ་ཐུབ་བསྟན་ཀུན་ཁྱབ། ལྷ་ས་གྲོང་ཁྱེར་ར་མོ་ཆེ་གཙུག་ལག་ཁང་གི་དགེ་འདུན་པ་རྒྱལ་མཚན་བཀྲ་ཤིས་བཅས་ལ་ཨང་ལྔ་པ་ནས་བཅུ་གཅིག་བར་ཐོབ་ཡོད་པ་རེད།
         འདི་ལོའི་དམ་བཅའ་འཇོག་པའི་མཛད་སྒོ་ནི་2004ལོར་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་རྒྱུགས་ལེན་ལས་དོན་སླར་གསོ་བྱས་ཚུན་གྱི་མཛད་སྒོ་གཉེར་ཐེངས་བཅུ་གཉིས་པ་དེ་ཡིན་པ་རེད། རྒྱུགས་འབུལ་དགེ་འདུན་པ་11ཚང་མ་ནི་བོད་ཀྱི་དགོན་སྡེ་ཆེ་གྲས་ཁག་གི་ཕྱག་དཔེའི་དགེ་རྒན་གཙོ་བོ་ཡིན་པ་དང་། ཁོང་ཚོ་རིག་གནས་ཀྱི་ཤེས་རྒྱ་ཆེ་ལ་ལྷག་དོན་དུ་ནང་རིག་པའི་ཤེས་རྒྱ་ཟབ་པའི་ཁར་《གཞུང་ཆེན་དཀའ་པོད་ལྔར་》བྱང་ཆུབ་པོ་ཡོད་པ་རེད།
         རྩོད་རྒྱུགས་མཛད་སྒོ་མཇུག་འགྲིལ་རྗེས་མཚན་གནས་ཐོབ་མཁན་གྱི་རྒྱུགས་འབུལ་དགེ་འདུན་པར་དར་ཚོན་སྣ་ལྔ་དང་། ཤིང་འབྲས། ཆོས་གོས་སྣམ་སྦྱར། བྱ་དགའི་དངུལ་བཅས་གནང་བ་དང་འབྲེལ་ལག་ཁྱེར་ཡང་གནང་བ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།བོད་ལྗོངས་ཀྱིས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་
མཛད་སྒོ་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།