འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཀྱི་ཉོ་སྒྲུབ་མཁན་དང་འགྲེམས་སྟོན་ལ་ཞུགས་མཁན་
    མང་དུ་ཕྱིན་པ་དེ་བཀྲག་མདངས་འཚེར་སར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་17ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྐབས་119པའི་ཀོང་ཀྲོའུ་ཚོང་འདུས་ཚེས་15ཉིན་ཀོང་ཀྲོའུ་ཡི་པ་ཀྲོའུ་འགྲེམས་ཁང་དུ་འགོ་ཚུགས་པ་དང་། སྣ་མང་རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཉོ་ཚོང་དུས་བབ་དང་རྒྱལ་སྤྱིའི་དགོས་མཁོ་སྔར་བཞིན་ཆེན་པོ་མེད་པར་དམིགས་ནས་འགྲེམས་སྟོན་ལ་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་24514ཡིས་ཧུར་ཐག་ངང་ཚོང་འདུས་ནང་ཞུགས་ཏེ་ཁོང་ཚོས་ནུས་ཤུགས་ཡོད་རྒུས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་གསར་གཏོད་ཐོན་རྫས་བསྟན་ནས་རྒྱལ་སྤྱིའི་མངགས་ཉོ་བརྩོན་ལེན་ཐུབ་པར་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད།
         སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་སུ་དུས་ཐེངས་དང་པོ་དང་གསུམ་པའི་འགྲེམས་ཁུལ་དུ་མུ་མཐུད་ནས་ནང་འདྲེན་འགྲེམས་ཁུལ་བཙུགས་ཡོད་པ་རེད། འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་2ཡོད་པ། འགྲེམས་གནས་ཁྱོན་990ཡོད་པ། ཆེད་མངགས་འགྲེམས་སྟོན་ཁུལ་6བཙུགས་ཡོད་པ་བཅས་དང་། རྒྱལ་ཁབ་དང་ས་ཁུལ་48ནས་ཡོང་བའི་ཁེ་ལས་610འགྲེམས་སྟོན་ལ་ཞུགས་རྒྱུ་ཡིན་པ་རེད།
         གསར་འགོད་པས་བཅར་འདྲི་བྱེད་པའི་ཁྲོད། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་ཚོང་འདུས་ལ་ཞུགས་མཁན་གྱི་ཉོ་སྒྲུབ་མཁན་དང་ཁེ་ལས་རྒྱུན་ཆད་མེད་པའི་ངང་མང་དུ་འགྲོ་བཞིན་ཡོད་པས་དེ་ནི་སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་སུ་གྱུར་པ་ཤེས་རྟོགས་ཐུབ་བྱུང་། སྐབས་དེའི་ཀོང་ཀྲོའུ་ཚོང་འདུས་ཀྱི་ནང་འདྲེན་འགྲེམས་ཁུལ་ལ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་ནས་ཡོང་བའི་འགྲེམས་ཞུགས་ཁེ་ལས་ཁྲོད། ཁྱོན་རྒྱལ་ཁབ་33གི་ཁེ་ལས་374ཡོད་པ་དང་། འགྲེམས་གནས་654ཡོད་པ་དེས་ནང་འདྲེན་འགྲེམས་ཁུལ་གྱི་འགྲེམས་ཞུགས་ཁེ་ལས་བསྡོམས་འབོར་གྱི་61%དང་འགྲེམས་གནས་བསྡོམས་འབོར་གྱི་66%བཟུང་བ་དང་། ཉོ་སྒྲུབ་མཁན་གདན་ཞུའི་ཐད། སྐབས་དེའི་ཀོང་ཀྲོའུ་ཚོང་འདུས་སུ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དབུས་ཤར་རྒྱུད་དང་གླིང་ཆེན་ཨ་ཧྥེ་རི་ཁའི་ཁྲོམ་ར་རྒྱ་སྐྱེད་བཏང་ཡོད་པ་དང་། འགྲེམས་ཞུགས་མཁན་དང་ཉོ་སྒྲུབ་མཁན་རྙིང་པས་ཉོ་སྒྲུབ་མཁན་གསར་པ་གདན་ཞུ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས་གྲ་སྒྲིག་འགྲེམས་སྟོན་གྱི་ལས་སྟེགས་སྤྱད་དེ་དྲ་ཐོག་ཆ་སྒྲིག་ཐུབ་པར་སྐུལ་འདེད་བཏང་ཡོད་པ་དང་། རྒྱལ་ཁོངས་བརྒལ་བའི་ཀུང་སིའི་ཉོ་སྒྲུབ་ཞབས་ཞུའི་ཆ་འཕྲིན་ཅན་གྱི་ཆུ་ཚད་གོང་མཐོར་བཏང་ཡོད་པས། སྒྲིག་འཛུགས་ཨུ་ལྷན་གྱིས་ད་རེས་ཀྱི་ཀོང་ཀྲོའུ་ཚོང་འདུས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་དང་ཉོ་སྒྲུབ་ལ་ཞུགས་ཁན་གྱི་མི་གྲངས་དང་ཉོ་སྒྲུབ་གྲངས་འབོར་བསྡུར་ཚད་ངེས་ཅན་གྱི་ཐོག་ནས་འཕར་རྒྱུ་ཡིན་པའི་སྔོན་དཔག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།