འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཕོ་བྲང་པོ་ཏ་ལའི་ནང་གི་གནས་སྤོས་ཆོག་པའི་རིག་དངོས་ཁྲི་ལྷག་ཙམ་ལ་
    ཡོངས་ཁྱབ་ཞིབ་བཤེར་དང་ཡིག་ཚགས་བཟོས་ཚར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཕོ་བྲང་པོ་ཏ་ལའི་ནང་གི་གནས་སྤོས་ཆོག་པའི་རིག་དངོས་ཁྲི་ལྷག་ཙམ་ལ་
ཡོངས་ཁྱབ་ཞིབ་བཤེར་དང་ཡིག་ཚགས་བཟོས་ཚར་བ།
          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་རིག་དངོས་ཕུན་སུམ་ཚོགས་པ་ཡིན་ལ། དེའི་ནང་གནའ་གཞུང་ཚད་ལྡན་ཡིག་ཆ་རིགས་སྣ་མང་པོ་འདུས་ཡོད་ཅིང་། ཁྱོན་བསྡོམས་ཧ་ལམ་རིག་དངོས་ཁྲི་10ལྷག་ཟིན་པ་རེད། 2013ལོའི་ལོ་མཇུག་ལ་ཀྲུང་དབྱང་སྲིད་གཞུང་གིས་གནས་སྤོས་ཆོག་པའི་རིག་དངོས་ཡོད་དོ་ཅོག་ལ་ཡོངས་ཁྱབ་ཞིབ་བཤེར་དང་། ཐོ་འགོད། ཡིག་ཚགས་བཟོ་བ་བཅས་བྱ་དགོས་པའི་བླང་བྱར་གཞིགས་ནས། བོད་ལྗོངས་ཀྱིས་ལས་དོན་འདི་ཉིད་སྒྲུབ་འགོ་བརྩམས་ཏེ་བོད་ལྗོངས་ཡོངས་ཀྱི་གནས་སྤོས་ཆོག་པའི་རིག་དངོས་ཀྱི་གནས་ཚུལ་ཞིབ་ཕྲ་གསལ་པོར་རྟོགས་པར་བྱས་པ་རེད།
         མིག་སྔར་ཕོ་བྲང་པོ་ཏ་ལར་གནས་སྤོས་ཆོག་པའི་རིག་དངོས་17000ལྷག་ལ་ཐོ་འགོད་ཡིག་ཚགས་བཟོ་བའི་ལས་དོན་ལེགས་པར་བསྒྲུབས་པ་རེད། ཆེད་ལས་ཀྱི་ལག་རྩལ་མི་སྣ་དཀོན་པའི་དབང་གིས། ལས་དོན་འདི་ཉིད་སྒྲུབ་ཚད་ཅུང་དལ་བས། འདི་ལོར་ཕོ་བྲང་པོ་ཏ་ལའི་ནང་གི་རིག་དངོས་ཁྲི་2ལྷག་ལ་ཡོངས་ཁྱབ་ཞིབ་བཤེར་དང་ཡིག་ཚགས་བཟོ་བའི་ལས་དོན་སྒྲུབ་པར་བརྩོན་ལེན་བྱ་རྒྱུ་རེད། བོད་ལྗོངས་ཕོ་བྲང་པོ་ཏ་ལ་ནི་ད་ལྟའི་བར་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་ལ། དེ་ནི་ཀྲུང་གོའི་རྒྱལ་ཡོངས་ཀྱི་རིག་དངོས་རྩ་ཆེན་སྲུང་སྐྱོང་བྱ་ཡུལ་ཁག་དང་པོ་རེད།
    ཟླ་4ཚེས་12ཉིན་ཕོ་བྲང་པོ་ཏ་ལའི་སི་བཏགས་དངོས་རྫས་ཡོངས་ཁྱབ་ཞིབ་བཤེར་དང་ཡིག་ཚགས་བཟོ་བའི་ཚོགས་ཆུང་གི་ལས་སྒྲུབ་མི་སྣ་ཚོས་སི་བཏགས་དངོས་རྫས་རིག་དངོས་གསལ་འབྱེད་བྱེད་བཞིན་ཡོད་པ།
    ཟླ་4ཚེས་12ཉིན་ཕོ་བྲང་པོ་ཏ་ལའི་སི་བཏགས་དངོས་རྫས་ཡོངས་ཁྱབ་ཞིབ་བཤེར་དང་ཡིག་ཚགས་བཟོ་བའི་ཚོགས་ཆུང་གི་ལས་སྒྲུབ་མི་སྣ་ཚོས་སི་བཏགས་དངོས་རྫས་རིག་དངོས་གསལ་འབྱེད་བྱེད་བཞིན་ཡོད་པ།
    ཟླ་4ཚེས་12ཉིན་ཕོ་བྲང་པོ་ཏ་ལའི་སི་བཏགས་དངོས་རྫས་ཡོངས་ཁྱབ་ཞིབ་བཤེར་དང་ཡིག་ཚགས་བཟོ་བའི་ཚོགས་ཆུང་གི་ལས་སྒྲུབ་བྱ་ཡུལ་དངོས།
    ཟླ་4ཚེས་12ཉིན་ཕོ་བྲང་པོ་ཏ་ལའི་སི་བཏགས་དངོས་རྫས་ཡོངས་ཁྱབ་ཞིབ་བཤེར་དང་ཡིག་ཚགས་བཟོ་བའི་ཚོགས་ཆུང་གི་ལས་སྒྲུབ་བྱ་ཡུལ་དངོས།
    ཟླ་4ཚེས་12ཉིན་སྤེན་པ་ཆུང་བདག་གིས་རིག་དངོས་གསལ་འབྱེད་ཆེད་སྤྱོད་ཕྲ་མཐོང་ཆེ་ཤེལ་བཟུང་སྟེ་རིག་དངོས་ལ་ལྟ་ཞིབ་བྱེད་བཞིན་ཡོད་པ།
    ཟླ་4ཚེས་12ཉིན་སྤེན་པ་ཆུང་བདག་གིས་རིག་དངོས་གསལ་འབྱེད་ཆེད་སྤྱོད་ཕྲ་མཐོང་ཆེ་ཤེལ་བཟུང་སྟེ་རིག་དངོས་ལ་ལྟ་ཞིབ་བྱེད་བཞིན་ཡོད་པ།
    ཟླ་4ཚེས་12ཉིན་ཕོ་བྲང་པོ་ཏ་ལའི་ཐང་གའི་ཡོངས་ཁྱབ་ཞིབ་བཤེར་དང་ཡིག་ཚགས་བཟོ་བའི་ཚོགས་ཆུང་གི་ལས་སྒྲུབ་མི་སྣ་བློ་བཟང་རྡོ་རྗེ་(གཡས)དང་ཚེ་རིང་དགྲ་འདུལ་(གཡོན)གཉིས་ཀྱིས་ཐང་ག་ལེགས་སྒྲིག་བྱེད་བཞིན་ཡོད་པ།
    ཟླ་4ཚེས་12ཉིན་ཕོ་བྲང་པོ་ཏ་ལའི་ཐང་གའི་ཡོངས་ཁྱབ་ཞིབ་བཤེར་དང་ཡིག་ཚགས་བཟོ་བའི་ཚོགས་ཆུང་གི་ལས་སྒྲུབ་མི་སྣ་བློ་བཟང་རྡོ་རྗེ་(གཡས)དང་ཚེ་རིང་དགྲ་འདུལ་(གཡོན)གཉིས་ཀྱིས་ཐང་ག་ལེགས་སྒྲིག་བྱེད་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།