འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོའི་ཉིན་མོ་དང་པོ་དེ་བསུས་པ།

    ས་གནས་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་17ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་4ཚེས་15ཉིན་ནི་རང་རྒྱལ་གྱི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་དང་པོ་དེ་ཡིན་ཞིང་། གསར་འགོད་པས་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱས་པར། ས་གནས་ཁག་དང་སྡེ་ཚན་ཁག་གིས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྤྱི་དམངས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།
         ཚེས་15ཉིན་ནས་བཟུང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁྲིམས་འཛུགས་རིགས་གཅིག་མཁས་ཅན་དང་ཆིན་ཧྭ་སློབ་ཆེན་ཁྲིམས་རིག་ཁང་གི་ཡོན་ཀྲང་དགེ་རྒན་ཆེ་མོ་བ་ཝང་ཀྲེན་མིན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྐོར་གྱི་སློབ་ཚན་ཁྲིད་ནས་ཁྲིམས་འཛིན་པུའུ་ཡི“ཀྲུང་གོའི་ཁྲིམས་ལུགས་ཁྱབ་གདལ”སྐད་འཕྲིན་སྤྱི་རྟགས་སོགས་སྨྱན་སྦྱོར་གསར་པའི་སྟེགས་བུ་སྤྱད་ནས་ཉིན་ལྟར་ལེའུ་གཅིག་སྟོན་པའི་གཟའ་འཁོར་བྱེད་སྒོ་སྤེལ་ཡོད། འཆད་ཁྲིད་བྱེད་སྐབས། ཡོངས་བསྒྲགས་ཀྱི་རྣམ་པར་བརྟེན་ནས་གོ་བདེ་ཤེས་སླའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་སྟེ་དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་དང་རྒྱལ་ཁབ་བདེ་འཇགས་ཀྱི་འགན་དེ་མི་ཀུན་ལ་ཡོད་པའི་འདུ་ཤེས་ཟབ་ཏུ་བཏང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ཀྲུང་གོའི་བཅའ་ཁྲིམས་ཁྱབ་གདལ”གྱི་སྐད་འཕྲིན་སྤྱི་རྟགས་དེ་ཟླ་བ་འདིའི་ཟླ་འགོར་སྤྱོད་འགོ་ཚུགས་ཚུན། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ཡིག་རིས་གཉིས་ཀྱི་ཐོག་ནས་བཏོན་པར་བརྟེན་རྒྱ་ཆེའི་དྲ་གྲོགས་ཚོའི་དགའ་བསུ་ཚད་མེད་ཐོབ་ཡོད་ལ། ལྟ་ཀློག་བྱེད་མཁན་མི་ཐེངས་ཁྲི་27ལས་བརྒལ་ཡོད། དེ་དང་ཆབས་ཅིག་སྐད་འཕྲིན་སྤྱི་རྟགས་དེའི་ནང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར་སྤེལ་ཞིང་། མིག་སྔའི་བར་འགྲན་བསྡུར་ནང་ཞུགས་མཁན་དྲ་གྲོགས་མི་ཐེངས་ཁྲི་བཅུ་གྲངས་ཟིན་ཡོད།
         དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་དང་པོའི་རིང་། ས་གནས་ཁག་གིས་ད་དུང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དེབ་སྤྲོད་པ་དང་། རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་རི་མོ་སྦྱོར་བ། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁྱབ་གདལ་གྱི་འགུལ་རིས་འགྲེམ་པ་སོགས་བྱེད་ཐབས་ཐོག་ནས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་གཏིང་ཟབ་བྱས་པ་མ་ཟད། རྒྱལ་ཁབ་བདེ་འཇགས་སློབ་གསོ་དེ་ལས་ཁུངས་དང་། སྡེ་ཁུལ། གྲོང་གསེབ། སློབ་གྲྭ ཁེ་ལས། ཚན་པ་བཅས་སུ་སྤེལ་ཡོད་པ་རེད།
         ཧོ་པེའི་ཅིས་ཀྲོའུ་གྲོང་ཁྱེར་སློབ་གསོའི་སྡེ་ཚན་གྱིས་གསར་བརྗེའི་རྟེན་གཞི་རྙིང་པའི་དམག་མི་སློབ་གྲྭར་གདན་དྲངས་ཏེ་སློབ་གྲྭ་འབྲིང་ཆུང་གི་སློབ་མར་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ་སྤེལ་བ་དང་། ཧྲན་ཏུང་ཐེང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“བདེ་འཇགས་སློབ་གསོའི”སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ནས་སློབ་འབྲིང་སློབ་མས་ཉེན་རྟོག་པའི་འཚོ་བ་ཉམས་སུ་མྱོང་དུ་བཅུག་པ། ཀྲེ་ཅང་དུ་ཀྲེ་ཅང་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་དབུན་ཀྲོའུ་ཉིང་ལག་རུ་ཁག་གི་དཔོན་དམག་ཚོས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭར་བསྐྱོད་ནས་སློབ་མ་ཚོར་རྒྱལ་ཁབ་བདེ་འཇགས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱས་ཡོད། གཞན་ཡང་གཙོ་རྒྱུན་སྨྱན་སྦྱོར་ཆེ་གྲས་དང་། གསར་འགྱུར་དྲ་ཚིགས། སྐད་འཕྲིན། དཔོད་འཕྲིན། དུད་སྣེ་སོགས་སྨྱན་སྦྱོར་གསར་པའི་སྟེགས་བུའི་མངོན་གསལ་དོད་སར་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་དང་ཤུགས་རྐྱེན་ནུས་པ་ཆེ་རུ་བཏང་བ་རེད།
         2015ལོའི་ཟླ་7ཚེས་1ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་》ལ་གྲོས་འཆམ་བྱས་པ་དང་ལོ་ལྟར་གྱི་ཟླ་4ཚེས་15ཉིན་དེ་དམག་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོར་གཏན་འཁེལ་བྱས་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོ་དེ་རྒྱལ་དམངས་ཀྱི་སློབ་གསོ་དང་། གཞུང་ལས་པའི་སློབ་གསོ་གསོ་སྦྱོང་ནང་བཅུག་ནས་སྤྱི་ཚོགས་ཧྲིལ་པོའི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།