འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ་སྐྲུན་པར་
    གྲུབ་འབྲས་ཐོབ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ་སྐྲུན་པར་
གྲུབ་འབྲས་ཐོབ་འགོ་ཚུགས་པ།
         2014ལོ་ནས་བཟུང་ཆུ་འགོ་སྲུང་སྐྱོང་དང་རླུང་འགོག་བྱེ་འཇགས་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་མི་འབོར་80%ཡན་གཅིག་སྡུད་བྱེད་པའི“གཙང་པོ་གཉིས་དང་ཆུ་བོ་བཞི”(ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ལྷ་སའི་སྐྱིད་ཆུ། མྱང་ཆུ། ཡར་ལྷ་ཤམ་ཆུ། སེང་གེ་ཁ་འབབ་)འབབ་རྒྱུད་དུ་ནགས་གསོ་སྔོ་འགྱུར་ལས་གཞི་སྤེལ་ཡོད། ལས་གཞི་འགོ་འཛུགས་ས་ཡིན་པའི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་ཡར་ཀླུང་གཙང་པོའི་བྱང་ངོགས་སྣོད་བཅུད་དཔེ་སྟོན་ཁུལ་བཙུགས་ནས་གཞི་ཁྱོན་ཆེན་པོས་གཅིག་སྡུད་ནགས་གསོའི་ཚོད་ལྟ་བྱས་ཡོད། ལོ་གཉིས་ཙམ་སོང་རྗེས་དཔེ་སྟོན་ཁུལ་གྱི་གྲུབ་འབྲས་ཐོབ་འགོ་ཚུགས་ཤིང་། ས་སྟོང་མུའུ་ཁྲི་1.8ཐོག་ལྕང་མ་རྐང་ཁྲི་120ལྷག་ཙམ་བཏབ་ནས་གསོན་ཚད་90%ནས་95%བར་ཟིན་ཡོད། དེར་རྒྱལ་ཁབ་དང་ཧྲན་ཏུང་གི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་ཡོད། འདི་ལོ་ཡང་ནགས་གསོ་མུའུ་7000ལྷག་ཙམ་བྱ་རྩིས་ཡོད་པ་རེད།
    ༄༅།།བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ་སྐྲུན་པར་
གྲུབ་འབྲས་ཐོབ་འགོ་ཚུགས་པ།
    ༄༅།།བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ་སྐྲུན་པར་
གྲུབ་འབྲས་ཐོབ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།