འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་རྒན་གསོའི་དངུལ་6.5%ཙམ་སྤར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་17ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2016ལོའི་རྒན་གསོའི་དངུལ་6.5%ཙམ་སྤོར་རྒྱུ་ཡིན་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུས་《2016ལོར་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ཤིང་། 2016ལོའི་ཟླ་1པོའི་ཚེས་1ཉིན་ནས་བཟུང་། 2015ལོའི་ལོ་འཇུག་གོང་གཏན་འབེབས་གཞིར་བཟུང་ལས་འཁྱུར་ངལ་གསོའི་འགྲོ་ལུགས་གཉེར་བ་དང་འབྲེལ་ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་དངུལ་ལེན་མཁན་གྱི་ཁེ་ལས་དང་ལས་ཁུངས་བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་སྤར་རྒྱུ་ཡིན་པ་དང་། སྤྱི་ཡོངས་ཀྱི་ཆུ་ཚད་དེ་2015ལོར་ལས་འཁྱུར་ངལ་གསོ་རྒྱག་མཁན་ལ་ཟླ་རེར་མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་རྒན་གསོའི་དངུལ་6.5%ཙམ་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།
         ད་ཐེངས་ཀྱི་ལེགས་སྒྲིག་དེར་གྲངས་བཅད་ལེགས་སྒྲིག་དང་། གཞན་སྦྲེལ་ལེགས་སྒྲིག འོས་འཚམ་གཟིགས་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་ལེགས་སྒྲིག་བྱ་ཐབས་སྤྱད་རྒྱུ་དང་། གྲངས་བཅད་ལེགས་སྒྲིག་ལས་སྤྱི་ཚོགས་དྲང་གཞག་མངོན་པ་དང་། གཞན་སྦྲེལ་ལེགས་སྒྲིག་ལས“ལས་ཀ་མང་ཙམ་དང་ཁྲལ་མང་ཙམ་བསྐྱལ་ཚེ་རྒན་གསོའི་དངུལ་མང་ཙམ་རག་པའི”ལྕག་སྐུལ་གྱི་ལམ་སྲོལ་ཞིག་མངོན་པ་དང་དེ་ཁྲལ་སྐྱེལ་ལོ་ཚད་དང་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་སོགས་དང་འབྲེལ་བ་བྱ་རྒྱུ་རེད། འོས་འཚམ་གཟིགས་སྐྱོང་ནི་ལོ་ན་མཐོ་བའི་ལས་འཁྱུར་ངལ་གསོ་རྒྱག་མཁན་དང་དཀའ་ཚེགས་ཆེ་བ་དང་ཐག་རིང་ལུང་ཁུག་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་སོགས་ཀྱི་ཚོགས་སྤྱིར་ཐུགས་ཁུར་བྱས་པ་ཞིག་རེད།
        ད་ཐེངས་ཀྱི་ལེགས་སྒྲིག་ནི་2014ལོའི་ཟླ་10ཚེས་1ཉིན་ལས་ཁུངས་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱས་པ་ནས་བཟུང་། གཞི་རྩའི་རྒན་གསོའི་དངུལ་གྱི་ལེགས་སྒྲིག་བྱ་ཐབས་ལ་གཞིགས་ནས་ཐོབ་ཐང་ལེགས་སྒྲིག་བྱེད་ཐེངས་དང་པོ་དེ་ཡིན་ལ་ཁེ་ལས་དང་ལས་ཁུངས་བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལ་དུས་གཅིག་ཏུ་ལེགས་སྒྲིག་བྱེད་ཐེངས་དང་པོ་ཞིག་ཀྱང་ཡིན་པས། རིགས་མི་འདྲ་བའི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ཐོབ་ཐང་ལེགས་སྒྲིག་ལ་གཅིག་འདོམས་བྱེད་པར་གོམ་སྟབས་དང་པོ་སྤོས་ཡོད། དེས་ཁེ་ལས་དང་ལས་ཁུངས་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་གཅིག་མཐུན་བྱུང་བ་དང་དྲང་གཞག་རང་བཞིན་ཆེ་རུ་ཕྱིན་པ་ཐད་ཀར་མཚོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།