འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་བཙུགས་ཚུན་གྱི་བང་སོ་བསྔོགས་བཅོམ་གྱོད་གཞི་ཆེ་ཤོས་ལ་འདྲི་གཅོད་དང་པོའི་
    བཅད་ཁྲ་ཁྱབ་བསྒྲགས་བྱས་ནས་ཉེས་ཅན་གཏེ་པོར་ཉེས་ཆད་ལྕི་པོ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་17ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་14ཉིན་ལེའོ་ཉིང་ཁྲའོ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་བདེ་པུའི་པུའུ་རིམ་པའི་ཚན་པས་ལྟ་སྐུལ་བྱེད་པའི་2015ལོའི་གནའ་བོའི་རིག་གནས་གནའ་ཤུལ་དང་གནའ་བོའི་བང་སོ་བསྔོགས་བཅོམ་གྱོད་གཞི་ཆེ་ཤོས་རབ་དང་རིམ་པའི་ཉེས་ཅན་གཏེ་པོ་ཡའོ་ཡུས་ཀྲུང་སོགས་ལ་འདྲི་གཅོད་དང་པོའི་ཁྲིམས་ཐག་བཅད་པ་རེད། གནའ་བོའི་རིག་གནས་གནའ་ཤུལ་དང་། གནའ་བོའི་བང་སོ། འཕྲོག་བཅོམ་ཉེས་པ། རིག་དངོས་ལྐོག་ཚོང་རྒྱག་པའི་ཉེས་པ་བསགས་པའི་རྐྱེན་གྱིས་ཉེས་ཅན་གཏེ་པོ་ཡའོ་ཡུས་ཀྲུང་གི་བྱས་ཉེས་དུ་མར་སྔ་ཕྱི་སྡེབ་བསགས་ཀྱིས་ཁོ་པར་སྲོག་ཁྲིམས་གཅོད་རྒྱུ་དང་ལོ་གཉིས་ནར་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུའི་ཐག་བཅད་པ་རེད། གནའ་བོའི་རིག་གནས་ཀྱི་གནའ་ཤུལ་དང་གནའ་བོའི་བང་སོ་བསྔོགས་བཅོམ་གྱི་ནག་ཉེས་གསོག་མཁན་ཞུ་སྦྱོར་ཕྱི་མ་གསུམ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་ཞུ་སྦྱོར་ཕྱི་མ་མང་པོར་དུས་བཀག་བཙོན་འཇུག་ལོ་3ནས་15བར་གྱི་ཁྲིམས་ཐག་བཅད་པ་མ་ཟད་ཆད་དངུལ་ཡང་བཏང་ཡོད། དེར་བརྟེན་ཁྲའོ་དབྱང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་བདེ་པུའི་རིམ་པས་ལྟ་སྐུལ་བྱེད་པའི་2015ལོའི་གནའ་བོའི་རིག་གནས་གནའ་ཤུལ་དང་གནའ་བོའི་བང་སོ་བསྔོགས་བཅོམ་གྱི་གྱོད་གཞི་ཆེ་ཤོས་རབ་དང་རིམ་པའི་ཉེས་ཅན་གཏེ་པོ་ཡོངས་རྫོགས་ལ་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད།
         2014ལོའི་ལོ་མཇུག་ཏུ་ཉེས་གསོག་དོགས་ཅན་225འཛིན་བཟུང་བྱས་པ་དང་། བསྔོགས་བཅོམ་ཉེས་གསོག་ཚོགས་པ་10མེད་པར་བཟོས་པ། གྱོད་འབྲེལ་རིག་དངོས་2063རག་ཐབས་བྱས་པའི་ནང་རིམ་པ་དང་པོའི་རིག་དངོས་248དང་། རིམ་པ་གཉིས་པའི་རིག་དངོས་142 རིམ་པ་གསུམ་པའི་རིག་དངོས་262 སྤྱིར་བཏང་གི་རིག་དངོས་1411བཅས་ཡོད་པ་རེད། གྱོད་གཞི་དེ་ཀྲུང་གོ་གསར་པ་བཙུགས་ཚུན་བརྐུས་པའི་རིག་དངོས་ཚུར་བླངས་པ་མང་ཤོས་དང་གྱོད་གཞི་རྐྱང་པའི་ཉེས་གསོག་དོགས་ཅན་བཟུང་བ་མང་ཤོས་ཀྱི་གྱོད་གཞི་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།