འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀ་ལ་གྲོང་ཚོའི་ཕྱུག་འགྱུར་ལམ་བུ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 16:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀ་ལ་གྲོང་ཚོའི་ཕྱུག་འགྱུར་ལམ་བུ།
         མི་དམངས་དྲ་བའི་འཕྲིན། སྔོན་ཆད་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཞིང་པ་ཚོས་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་ཁོ་ནར་རྟེན་གྱི་ཡོད་པ་རེད། སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་ཕྱིན་པ་དང་ཆབས་ཅིག་ཀ་ལ་གྲོང་ཚོས་བོད་སྐྱོར་ལས་བྱེད་པའི་རྒྱབ་སྐྱོར་འོག་སྐད་གྲགས་ཆེན་པོ་ཁྱབ་པའི་རི་སྐྱེས་ཁམ་སྡོང་ལ་བརྟེན་ནས་མ་དངུལ་སྒོར་ཁྲི་860བཏང་སྟེ་རང་བྱུང་ཐོན་ཁུངས་དང་མཛེས་ལྗོངས་ཁུལ་གྱི་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ་རྨང་གཞིའི་ཆ་འགྲིག་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བྱེད་ནུས་འཐུས་སྒོ་ཚང་བ། གྲོང་ཚོའི་རྣམ་པ་བཅོས་སྐྱོང་བྱེད་ཤུགས་ཆེར་གཏོང་། མཛེས་ལྗོངས་ཁུལ་གྱི་ཆ་འགྲིག་སྒྲིག་བཀོད་བཟོ་སྐྲུན་བཅས་བྱས་པས། མིག་སྔར་ཡུལ་སྐོར་ཡོང་འབབ་ནི་གྲོང་ཚོ་དེའི་དཔལ་འབྱོར་གྱི་ཡོངས་ཁུངས་གཙོ་བོར་གྱུར་ཡོད་པ་རེད། 2016ལོའི"ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན"ཡང་ཀ་ལ་གྲོང་ཚོར་སྤེལ་ཞིང་། དུས་ཆེན་གཏོང་འགོ་ཚུགས་པ་ནས་ད་བར་གྱི་ཟླ་ཕྱེད་ཙམ་གྱི་དུས་ཡུན་རིང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་120ཟིན་ཡོད་པ་རེད།
    ༄༅།།ཀ་ལ་གྲོང་ཚོའི་ཕྱུག་འགྱུར་ལམ་བུ།
      

    ཕྱོགས་བསྡུས་གསར་འགྱུར།