འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།“དགུ་བཅུ་པའི་ནང་སྐྱེས”ཞིང་པ་ཞིག་གིས་ས་ཞིང་འདེབས་རྒྱུ་དེ་གཟི་བརྗིད་ཡིན་བསམ་
    གྱི་འདུག་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།“དགུ་བཅུ་པའི་ནང་སྐྱེས”ཞིང་པ་ཞིག་གིས་ས་ཞིང་འདེབས་རྒྱུ་དེ་གཟི་བརྗིད་ཡིན་བསམ་
གྱི་འདུག་ཅེས་བརྗོད་པ།
         མི་དམངས་དྲ་བའི་འཕྲིན། ཅང་ཤིས་ཤིན་ཅན་རྫོང་གི་གཞོན་ནུ་ཞུང་ཧའེ་རེན་1995ལོར་སྐྱེས་པ་དང་ད་ཆ་ནན་ཁྲང་གྲོང་ཁྱེར་ཨན་དབྱི་རྫོང་ཏིང་ཧུའུ་ཤང་གི་འབྲུ་འདེབས་དུད་ཆེན་ལིང་ཅི་ཧོའི་ལག་འོག་ཏུ་ཞིང་པ་བྱས་ནས་སྡོད་ཀྱི་ཡོད། ཞུང་ཧའེ་རེན་གྱིས“ས་ཞིང་འདེབས་རྒྱུ་དེ་ངོ་གནོང་དགོས་པའི་ལས་ཀ་ཞིག་གཏན་ནས་མིན། དེང་རབས་ཅན་གྱི་འདེབས་འཛུགས་བྱེད་སྟངས་དང་ཞིང་སྨན་དང་འཕྲུལ་ཆས་ཇི་ལྟར་སྤྱོད་སྟངས་སོགས་ཞིང་པ་རྒན་གྲས་ཚོས་མ་ཤེས་པའི་ལག་རྩལ་ངས་ཤེས་ཀྱི་ཡོད། ང་ལ་ཐོབ་པའི་དངུལ་ཕྱིར་གླ་པར་ཕྱིན་པ་ལས་མང་བ་ཡོད། ཞིང་ལས་ནི་གཟི་བརྗིད་ཆེ་བའི་ལས་ཀ་ཞིག་རེད་བསམ་གྱི་འདུག ཞིང་ལས་བྱས་ནས་བསྡད་ན་བློ་སེམས་བདེ་པོ་འདུག”ཅེས་བཤད་ཅིང་། འདི་ནི་ཞུང་ཧའེ་རེན་གྱིས་འབྲས་ལྗང་ཞིང་ཁའི་ནང་མྱུ་གུ་སྐྱེ་ཚུལ་ལ་ལྟ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།