འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་དང་པོའི་དཔལ་འབྱོར་ལ་གྲུབ་འབྲས་བཟང་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་འཕེལ་སྒྱུར་ཨུ་ལྷན་གྱིས་དུས་ཚིགས་དང་པོའི་སྤྱི་ཁོག་དཔལ་འབྱོར་གྱི་གྲངས་གཞི་ཁག་གཅིག་ཡོངས་བསྒྲགས་བྱས་པ་དེའི་ནང་དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་པོས་གློག་སྤྱོད་ཚད་དེ་དུས་མཚུངས་ལས་2.4%འཕར་བ་དང་ཟླ་བ་གསུམ་པའི་ནང་བཅོས་སྣུམ་ཁྲོམ་རའི་དགོས་མཁོ་ཆེ་རུ་ཕྱིན་ནས་འཛད་སྤྱོད་བྱེད་ཚད་དུས་མཚུངས་ལས་7.2%འཕར་བ་དང་བཟོ་ལས་དང་ཞིང་ལས་ཐོན་སྐྱེད་ལ་མཁོ་བའི་ཁྲའེ་ཡིའུ་སྣུམ་སྤྱོད་ཚད་དེ་ཟླ་བ་དང་པོ་དང་གཉིས་པའི་དུས་མཚུངས་ལས་ཆག་པ་དེ་དུས་མཚུངས་ལས་2.99%འཕར་ཡོད། དེ་དང་ཆབས་ཅིག་དུས་ཚིགས་དང་པོར་མ་དངུལ་གཏོང་ཚད་འཕར་བ་དང་ཁེ་ལས་ཀྱི་ཁེ་སྤོགས་སོགས་གྲངས་གཞི་མང་པོ་ཞིག་འཕར་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་གསར་འགྱུར་མགྲིན་ཚབ་པ་ཀྲའོ་ཁྲེན་ཤིན་གྱིས་དུས་ཚིགས་དང་པོར་གྲུབ་འབྲས་ཡག་པོ་ཐོབ་པ་དེ་ཐོག་ནས་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་དེ་མུ་མཐུད་ལུགས་མཐུན་གྱི་བར་མཐོངས་སུ་རྒྱུན་འཁྱོངས་ཐུབ་པ་མཚོན་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།