འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུར་ཁེས་ཨུ་རུ་སུ་ཕུད་པའི་ནུས་རྒྱུ་མཁོ་འདོན་གྱི་ཐབས་ལམ་འཚོལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་08ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་ཐུར་ཁེའི་ཙུང་ཐུང་ཨེའར་ཏུའོ་ཨན་གྱིས་ཐུར་ཁེ་ཕྱོགས་ཀྱིས་ཨུ་རུ་སུ་ཕུད་པའི་ནུས་རྒྱུ་མཁོ་འདོན་གྱི་ཐབས་ལམ་འཚོལ་རྒྱུ་ཡིན་ཞེས་བཤད།
         ཉིན་དེར་ཨེའར་ཏུའོ་ཨན་གྱིས་དབྱི་སི་ཐན་པུའར་དུ་བྱེད་སྒོར་ཞུགས་སྐབས་གཏམ་བཤད་སྤེལ་ནས“ཨུ་རུ་སུ་ནི་ཐུར་ཁེར་རང་བྱུང་སོལ་རླངས་མཁོ་འདོན་བྱེད་མཁན་ཆེ་ཤོས་དེ་ཡིན་མོད་འབའ་ཞིག་དེ་མིན་པས། མཁོ་འདོན་ཚོང་པ་མི་འདྲ་བ་འཚོལ་ཐུབ་རེ་ཡོད”ཅེས་བཤད།
         གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨེའར་ཏུའོ་ཨན་དང་ཐུར་ཁེའི་ཙུང་ལི་ཏ་ཝུའུ་ཐེ་ཨོ་ལུའུ་སོ་སོས་ཁ་ཐར་དང་ཨ་ཟེར་བྷེ་ཇན་ལ་འཚམས་འདྲི་ཞུས་པ་རེད། དེའི་རིང་ཐུར་ཁེའི་རྡོ་སྣུམ་མདོང་ལམ་ཀུང་སི་དང་ཁ་ཐར་རྒྱལ་ཁབ་རྡོ་སྣུམ་ནུས་རྒྱུ་ཀུང་སིའི་དབར་དྲན་ཤེས་བརྗེད་ཐོ་བཞག་པས་ཐུར་ཁེས་ཁ་ཐར་ནས་གཤེར་འགྱུར་རང་བྱུང་སོལ་རླངས་ནང་འདྲེན་བྱེད་པར་ལམ་བུ་བཏིང་ཡོད། ཐུར་ཁེ་དང་ཨ་ཟེར་བྷེ་ཇན་དབར་ཨན་ན་ཐོ་ལི་ཡ་རང་བྱུང་སོལ་རླངས་ཀྱི་མདོང་ལམ་རྣམ་གྲངས་མགྱོགས་མྱུར་ལེགས་གྲུབ་ཡོང་རྒྱུའི་ཐད་གཅིག་མཐུན་བྱུང་ཡོད།
         ཨུ་རུ་སུའི་སུའུ—24རྟགས་ཅན་གྱི་དམག་གྲུ་ཞིག་ཐུར་ཁེ་དང་སི་རི་ཡའི་མཐའ་མཚམས་ཀྱི་སི་རི་ཡའི་གཞོགས་སུ་ལྷུངས་པ་རེད། ཐུར་ཁེ་ཕྱོགས་ཀྱིས་ཨུ་རུ་སུའི་དམག་གྲུ་ཁྲིམས་འགལ་ངང་ཐུར་ཁེའི་མངའ་ཁོངས་བར་སྣང་དུ་བཙན་འཛུལ་བྱས་པ་དང་ཐུར་ཁེའི་དམག་ཕྱོགས་ཀྱིས་ཉེན་བརྡ་ཐེངས་མང་བཏང་ཡང་གོ་མ་ཆོད་པར་དམག་གྲུ་དེ་གཏོར་ལྷུང་བྱས་པ་ཡིན་ཞེས་བཤད། ཚེས་28ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཐུར་ཁེར་བཀག་སྡོམ་བྱ་རྒྱུའི་ཙུང་ཐུང་གི་བཀའ་རྒྱར་མཆན་འགོད་བྱས་པ་རེད།
         ཐུར་ཁེ་དང་ཨུ་རུ་སུའི་ཕྱི་འབྲེལ་རྩོད་གླེང་ནང་རང་བྱུང་སོལ་རླངས་མཁོ་འདོན་བྱེད་མཚམས་འཇོག་རྒྱུ་དེ་ཨུ་རུ་སུས་ཐུར་ཁེའི་དཔལ་འབྱོར་བཀག་སྡོམ་བྱེད་པའི“ཕུགས་ནོར”ཞིག་རེད་ཅེས་བརྗོད་ཆོག 2014ལོར་ཐུར་ཁེས་ཨུ་རུ་སུ་ནས་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་དུང་ཕྱུར་270ཉོས་པ་དེས་ཁོང་ཚོས་རང་བྱུང་སོལ་རླངས་ཟད་གྲོན་བྱེད་ཚད་ཀྱི་60%ཙམ་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།