འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞིས་
    ཅིན་ཕིང་གི་རྒྱས་བཤད་གལ་ཆེན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་07ཉིན། 16:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་གྱིས་མི་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་རྟོགས་པ་དང་ཁོང་དུ་ཆུད་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད།
          1.ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཉམ་ལས་ནི་ཕྱོགས་ཡོངས་ཀྱི་མཉམ་ལས་ཡིན་པ།
          སླད་ཕྱིན་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་ཀྲུང་གོས་སྔར་རྒྱུན་བཞིན་ཨ་ཧྥེ་རི་ཁའི་ཞི་བདེ་བརྟན་ལྷིང་དང་། དར་རྒྱས་གོང་འཕེལ། མཉམ་འབྲེལ་རང་འབད། རྒྱལ་སྤྱིའི་ལས་དོན་ནང་འདྲ་མཉམ་ངང་ཞུགས་པ་བཅས་ཀྱི་རྒྱབ་སྐྱོར་བ་དང་སྐུལ་འདེད་བ་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཉམ་ལས་ནི་ཕྱོགས་ཡོངས་ཀྱི་མཉམ་ལས་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་ལ་མི་བལྟོས་པར་ཚང་མ་དང་མཛའ་མཐུན་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཐོན་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཡིན་པའམ་ཡང་ན་ཐོན་ཁུངས་དཀོན་པའི་རྒྱལ་ཁབ་གང་ཡིན་རུང་ཀྲུང་གོས་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་གཉིས་ཁེ་གཉིས་ཕན་གྱི་དངོས་སྒྲུབ་མཉམ་ལས་ཧུར་ཐག་བྱ་རྒྱུ་ཡིན།
          ——2013ལོའི་ཟླ་3ཚེས་19ཉིན་པེ་ཅིང་དུ་འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཉམ་འབྲེལ་ཚོགས་པའི་བཅར་འདྲི་དང་ལེན་གནང་སྐབས་གསུངས་པ།
          2.གསར་འབྱེད་ཀྱི་སྙིང་སྟོབས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཉམ་ལས་ཆུ་ཚད་གོང་མཐོར་གཏོང་བའི་མཆོག་ནོར་གལ་ཆེན་ཡིན་པ།
          དུས་རབས་ཕྱེད་ཀ་ལྷག་ཙམ་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་བའི་འགག་རྩའི་དུས་ཚང་མར་ང་ཚོ་ཕྱོགས་གཉིས་པོས་མཐོ་འཛེགས་རྒྱང་ལྟ་བྱས་ནས་ཀྲུང་གོ་དང་ཨ་རི་ཧྥེ་རི་ཁའི་དབར་མཉམ་ལས་བྱེད་པའི་མཐུན་པའི་གནས་དང་འཕར་གཞི་གསར་པ་འཚོལ་ཐུབ་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བར་མཆོང་སྐྱོད་གསར་པ་ཡོང་རྒྱུར་སྐུལ་མ་ཐེབས་ཡོད། རི་གཤགས་ལམ་བཟོ་དང་ཆུ་འཕྲད་ཟམ་བསྐྲུན་གྱི་གསར་འབྱེད་སྙིང་སྟོབས་ནི་ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཉམ་ལས་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་བའི་མཆོག་ནོར་གལ་ཆེན་ཞིག་རེད།
          ——2013ལོའི་ཟླ་3ཚེས་25ཉིན་ཐན་ཙན་ནི་ཡའི་ལུའེར་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གནང་བའི་གསུང་བཤད་ཡིན་པ།
         3.བདེན་པ་བདེན་ཐུབ་དང་། ཏན་ཏིག བརྩེ་བ། ཟོལ་མེད།
         གྲོགས་པོ་ཨ་ཧྥེ་རི་ཁར་ལྟ་སྟངས་འཛིན་སྐབས་ང་ཚོས“བདེན་པ་བདེན་ཐུབ”བྱེད་དགོས། ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་སྐབས་ང་ཚོས“ཏན་ཏིག”བྱེད་དགོས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་ལ་ཤུགས་སྣོན་རྒྱག་སྐབས་ང་ཚོས“བརྩེ་བ”ཟབ་མོ་འཆང་དགོས། མཉམ་ལས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་ང་ཚོས“ཟོལ་མེད”བྱེད་དགོས། ཀྲུང་གོ་འདི་ཉིད་འཕེལ་རྒྱས་ཇི་འདྲ་བྱུང་ཡང་ཀྲུང་གོས་ནམ་ཡང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་རང་ཉིད་ཀྱི་དཀའ་སྡུག་མཉམ་མྱོང་གི་གྲོགས་པོར་བརྩི་རྒྱུ་ཡིན།
          ——2013ལོའི་ཟླ་3ཚེས་25ཉིན་ཐན་ཙན་ནི་ཡའི་ལུའེར་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གནང་བའི་གསུང་བཤད་ཡིན་པ།
          4.ཀྲུང་གོའི་ཕུགས་འདུན་དང་ཨ་ཧྥེ་རི་ཁའི་ཕུགས་འདུན།
          ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་ཙམ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་རྒྱུར་གཞོལ་བཞིན་ཡོད་པ་དང་ཨ་ཧྥེ་རི་ཁའི་མི་དམངས་དུང་ཕྱུར་བཅུ་ལྷག་ཙམ་གྱིས་ཀྱང་མཉམ་འབྲེལ་རང་འབད་དང་དར་རྒྱས་གོང་འཕེལ་གྱི་ཨ་ཧྥེ་རི་ཁའི་ཕུགས་འདུན་འགྲུབ་རྒྱུར་གཞོལ་བཞིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ང་ཚོ་སོ་སོའི་ཕུགས་འདུན་ཧུར་ཐག་འགྲུབ་ཐུབ་པ་བྱེད་དགོས།
          ——2013ལོའི་ཟླ་3ཚེས་25ཉིན་ཐན་ཙན་ནི་ཡའི་ལུའེར་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གནང་བའི་གསུང་བཤད་ཡིན་པ།
         5.ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དེ་དུས་ད་ལྟ་བ་ལས་དུས་འདས་པ་མེད།
          ཀྲུང་གོ་འདི་ཉིད་ནམ་ཡང་ཨ་ཧྥེ་རི་ཁའི་ཞི་བདེ་དང་བརྟན་ལྷིང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན་དང་། ནམ་ཡང་ཨ་ཧྥེ་རི་ཁའི་དར་རྒྱས་གོང་འཕེལ་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་མཁན། ནམ་ཡང་ཨ་ཧྥེ་རི་ཁའི་མཉམ་འབྲེལ་རང་འབད་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་མཁན། ནམ་ཡང་རྒྱལ་སྤྱིའི་ལས་དོན་ནང་ཨ་ཧྥེ་རི་ཁ་འདྲ་མཉམ་ངང་ཞུགས་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་མ་གཏོང་མཁན་བཅས་བྱ་རྒྱུ་ཡིན།
          ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཐད་དུས་ད་ལྟ་བ་ལས་དུས་འདས་པ་མེད། ང་ཚོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བའི་རིམ་པ་སྔར་བས་མཐོ་བ་དང་ཁྱབ་ཁོངས་སྔར་བས་རྒྱ་ཆེ་བའི་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་མ་གཏོང་འདོད་ཡོད།
          ——2013ལོའི་ཟླ་3ཚེས་28ཉིན་ལྷོ་ཨ་ཧྥེ་རི་ཁའི་ཏེ་པན་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཞོགས་པའི་གསོལ་ཚིགས་འདུ་ཚོགས་སྐབས་གནང་བའི་བཀའ་མོལ་ཡིན་པ།
          6.རྩ་བ་མི་དམངས་ཁྲོད་ཚུགས་པ་དང་འབྱུང་ཁུངས་ནི་སྤེལ་རེས་ཡིན་པ།
          ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་དེ་མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་ཚུགས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་མོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བའི་སྤྱི་ཚོགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོའི་མི་དམངས་སྤྲོ་སེམས་འཁོལ་བའི་ངང་ཞུགས་ཚེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཛའ་གྲོགས་ལ་གཞི་ནས་སྐྱེ་སྟོབས་ཀྱི་གསོན་ཤུགས་གནས་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཉམ་ལས་རྨང་གཞི་གཞི་ནས་ཟམ་མི་ཆད་པར་སྲ་བརྟན་དུ་འགྲོ་ཐུབ།
          ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་གོང་འཕེལ་གཏོང་བའི་རྩ་བ་དེ་མི་དམངས་ཁྲོད་ཚུགས་པ་དང་འབྱུང་ཁུངས་ནི་སྤེལ་རེས་ཡིན།
          ——2013ལོའི་ཟླ་3ཚེས་29ཉིན་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་གྲོས་ཚོགས་སུ་སྤེལ་བའི་གསུང་བཤད་ཡིན་པ།
          7.ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་དང་བསྐྱར་དར་ཆེད་དྲང་ནུས་མཁོ་འདོན་བྱས་པ།
          མི་རིགས་རང་བཙན་དང་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དམག་འཁྲུག་ཁྲོད་དང་ཞི་བདེ་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཀྲུང་གོ་མི་དམངས་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་དམ་ཟབ་བྱས་ནས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཀྱི་སྤུན་ཟླའི་དབར་གྱི་བརྩེ་སེམས་ཟབ་མོ་ཆགས་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་མཉམ་འབྲེལ་རང་འབད་དང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་དང་བསྐྱར་དར་ཆེད་དྲང་ནུས་མཁོ་འདོན་བྱས་ཡོད།
          ——2013ལོའི་ཟླ་5ཚེས་25ཉིན་ཨ་ཧྥེ་རི་ཁའི་གཅིག་གྱུར་རྩ་འཛུགས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་ཨ་ཧྥེ་རི་ཁ་མནའ་མཐུན་གྱི་དམིགས་བསལ་དབུ་ཚོགས་སྐོང་ཚོགས་བྱས་པར་རྟེན་འབྲེལ་ཞུ་ཚིག་སྤྲིངས་པའི་ནང་འཁོད་པ།
          8.འོས་འགན་དང་ཁེ་ཕན་གྱི་ལྟ་བ་ཡང་དག་བཟུང་ཞིང་ཨ་ཧྥེ་རི་ཁ་ཕྱོགས་ལ་མཐུན་རྐྱེན་བསྐྲུན་ནས་ཤེས་ལྡན་པ་འགུགས་རོགས་བྱས་པ།
          ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་རིང་འོས་འགན་དང་ཁེ་ཕན་གྱི་ལྟ་བ་ཡང་དག་བཟུང་ནས་འཕྲལ་གྱི་དཀའ་ངལ་སེལ་བ་ལས་དཀའ་ངལ་སེལ་ཐབས་སློབ་པར་དོ་སྣང་བྱས་ཏེ་ཨ་ཧྥེ་རི་ཁ་ཕྱོགས་ལ་མཐུན་རྐྱེན་བསྐྲུན་ནས་ཤེས་ལྡན་པ་འགུགས་རོགས་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་བཏང་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་ཐོབ་པར་བྱས་ཏེ་གཉིས་ཁེ་གཉིས་ཕན་དངོས་འབྲེལ་ཡོང་བ་དང་དར་རྒྱས་གོང་འཕེལ་གྱི་ཕུགས་འདུན་འགྲུབ་ཐུབ་པ་བྱེད་དགོས།
          ——2014ལོའི་ཟླ་4ཚེས་8ཉིན་པེ་ཅིང་དུ་ན་སྨི་པི་ཡའི་ཙུང་ལི་ཀེན་ཀོ་པུའུ་དང་མཇལ་འཛོམས་གནང་སྐབས་ཀྱི་བཀའ་མོལ་ཡིན་པ།
          9.རྒྱལ་སྤྱིའི་བཅོས་སྒྲིག་མ་ལག་ཁྲོད་ཨ་ཧྥེ་རི་ཁའི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་རྒྱུ།
          ཀྲུང་གོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་རྒྱལ་སྤྱིའི་བཅོས་སྒྲིག་མ་ལག་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་སུ་འདེམས་ཤོག་འཕེན་པའི་ཀྲུང་གོའི་འདེམས་ཤོག་དེ་ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གཏོགས་རྒྱུ་ཡིན།
          ——2015ལོའི་ཟླ་9ཚེས་28ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་བདུན་ཅུ་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྐབས་གནང་བའི་བཀའ་མོལ་ཡིན་པ།
         10.ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་གོང་འཕེལ་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་རྡོ་ལྟ་བུ་ཡིན་པ།
          ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔར་ནས་བཟུང་ལས་དབང་གི་ཐུན་མོང་འདུས་གྲུབ་ཅིག་དང་མཉམ་ལས་གཉིས་ཕན་གྱི་ཁེ་ཕན་ཐུན་མོང་འདུས་གྲུབ་ཅིག་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་སྲོལ་རྒྱུན་མཛའ་མཐུན་མི་སེམས་ལ་གཏིང་ཟབ་ཟུག་སྟེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་གོང་འཕེལ་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་རྡོ་ལྟ་བུ་རེད།
          ——2015ལོའི་ཟླ་11ཚེས་3ཉིན་པེ་ཅིང་དུ་ལི་པེ་རི་ཡའི་ཙུང་ཐུང་སེ་ལི་ཧྥུའུ་དང་གྲོས་མོལ་གནང་སྐབས་ཀྱི་བཀའ་མོལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།