འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུང་ཡོན་དུ་སི་ཁྲོན་བོད་རིགས་ས་ཁུལ་གྱི་གད་སྙིགས་ཐོན་རྫས་སོགས་སུ་སྒྱུར་བའི་བཟོ་
    གྲྭ་ཐོག་མ་དེ་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་07ཉིན། 16:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་སི་ཁྲོན་ཞིང་ཆེན་ཧུང་ཡོན་རྫོང་གི་གྲགས་ཅན་ཐོན་རྫས་འོས་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཤིན་ཅང་དབྱི་ལིན་སྔོ་ལྗང་ཁོར་ཡུག་སྲུང་སྐྱོང་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་1.4བཏང་ནས་ཧུང་ཡོན་རྫོང་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས“LJ”ཅན་ལྔ་ཕྱོགས་བསྡུས་ཐག་གཅོད་བཟོ་གྲྭ་བསྐྲུན་རྒྱུ་ཡིན་ཞིང་། དེ་སི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་གད་སྙིགས་ཅན་ལྔ་ཐག་གཅོད་བཟོ་གྲྭ་ཐོག་མ་དེ་ཡིན་པ་རེད། “LJ”ཅན་ལྔ་ཐག་གཅོད་ལག་རྩལ་དེས་འཚོ་བའི་གད་སྙིགས་མགྱོགས་མྱུར་ཅན་དང་། གནོད་མེད་ཅན། ལྷགས་མེད་ཅན། ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་ཅན། ཐོན་ལས་ཅན་བཅས་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་རེད། ཤིན་ཅང་དབྱི་ལིན་སྔོ་ལྗང་ཁོར་ཡུག་སྲུང་སྐྱོང་ཀུང་སིའི་ཏུང་ཧྲི་ཀྲང་ཤེ་ཀོང་ཝུའུ་ཡིས་དཔེར་ན། ཤོག་བུའི་ཐོན་རྫས་དང་བེད་མེད་རས་སོགས་འབར་རུང་བའི་དངོས་པོ་མེར་བསྲེགས་ནས་ཐག་གཅོད་བྱས་རྗེས་ཀྱི་ཚྭ་ནུས་དེ་དྲོད་སྲུང་ཐད་སྤྱོད་པ་དང་། ཐབ་ཚང་གི་གད་སྙིགས་དང་སྐྱག་གཅིན་སོགས་སྐྱེ་ལྡན་ལུད་བཟོ་ཆོག་པ། བསྐྱར་སྤྱོད་ཆོག་པའི་གད་སྙིགས་ཁག་གཅིག་བསྡུས་ནས་སླར་ཡང་ཐོན་སྐྱེད་བྱེད་པ་སོགས་ལྟ་བུ་རེད། ལག་རྩལ་དེ་མིག་སྔར་ཧྲན་ཤིས་དང་། ལེའོ་ཉིང་། ཀུའེ་ཀྲོའུསོགས་སུ་སྤྱོད་བཞིན་ཡོད་པ་རེད་ཅེས་བཤད།
          ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་ལོ་འགོར་རྣམ་གྲངས་དེ་ཧུང་ཡོན་དུ་སྐྲུན་ཐུབ་པ་བྱ་རྒྱུ་དང་རྣམ་གྲངས་དེས་ཉིན་རེར་གད་སྙིགས་ཏུན་300ཐག་གཅོད་བྱེད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།