འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལོན་ཏོན་གྱི་མི་དམངས་ཤོག་སྒོར་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་07ཉིན། 16:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཉེ་ཆར་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོས་གྲོས་མཐུན་རབ་དང་རིམ་པར་མིང་རྟགས་བཀོད་པ་དང་ཐུན་མོང་གི་ངོས་འཛིན་བྱུང་བ་དེའི་ནང་དངུལ་རྩའི་ཁྱབ་ཁོངས་སུ་ལོན་ཏོན་ཁྲོམ་རའི་མི་དམངས་ཤོག་སྒོར་གྱི་མ་འཇོག་རྣམ་གྲངས་དང་གྲངས་འབོར་དངོས་སུ་འཕར་བ་དེ་ནི་ཕྱོགས་གཉིས་པོའི་དངུལ་རྩའི་མཉམ་ལས་ཀྱི་འོད་མདངས་འཚེར་ས་དང་ལོན་ཏོན་གྱི་མི་དམངས་ཤོག་སྒོར་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་ཕྱོགས་མངོན་ཡོད།
         དབྱེ་ཞིབ་བྱེད་མཁན་གྱིས་ལོན་ཏོན་གྱི་མི་དམངས་ཤོག་སྒོར་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་ཏེ་ཕྱོགས་གཅིག་ནས་རྒྱལ་སྤྱིའི་དངུལ་རྩའི་ལྟེ་བ་ཡིན་པའི་ལོན་ཏོན་གྱི་གནས་བབ་ལ་ཤུགས་སྣོན་ཐེབས་རྒྱུ་ཡིན་པ་དང་ཆབས་ཅིག་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་དབྱིན་ཇིའི་ཡིད་ཆེས་ཆེ་རུ་དང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕེལ་རིམ་ལ་མུ་མཐུད་སྐུལ་མ་བརྟན་པོ་ཐེབས་རྒྱུ་ཡིན་པ་མངོན་ཡོད་ཅེས་བཤད།
         གྲོས་མཐུན་གསར་ཤོས་རབ་དང་རིམ་པའི་ནང་ཀྲུང་གོ་མི་དམངས་དངུལ་ཁང་དང་དབྱི་ཀེ་ལན་དངུལ་ཁང་གིས་《མི་དམངས་ཤོག་སྒོར/ དབྱིན་པང་ཕྱོགས་གཉིས་པོའི་དངུལ་ལོར་བརྗེ་རེས་གྲོས་མཐུན་》ལ་མིང་རྟགས་བཀོད་པ་དང་བརྗེ་རེས་ཀྱི་གཞི་ཁྱོན་དེ་སྔའི་མི་དམངས་ཤོག་སྒོར་དུང་ཕྱུར་2000/དབྱིན་པང་དུང་ཕྱུར་200ནས་མི་དམངས་ཤོག་སྒོར་དུང་ཕྱུར་3500/དབྱིན་པང་དུང་ཕྱུར་350བར་མང་དུ་བཏང་བ་དང་ཆབས་ཅིག་ཚེས་20ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་ལོན་ཏོན་དུ་ཐོ་འགོད་དང་ཡིག་ཚགས་བཟོ་བའི་རྣམ་པའི་ཐོག་ནས་མི་དམངས་ཤོག་སྒོར་དུང་ཕྱུར་50ཟིན་པའི་ཀྲུང་དབྱང་དངུལ་ཁང་གི་དངུལ་འཛིན་གྲུབ་འབྲས་ཐོབ་པའི་སྒོ་ནས་འགྲེམས་སྤེལ་བྱས་པ་དང་དུས་བཅད་ལོ་གཅིག་དང་སྐྱེད་ཚད་3.1%རེད།
         ལས་རིགས་གཅིག་པའི་མི་སྣས་གོང་གིས་ལོན་ཏོན་གྱི་མི་དམངས་ཤོག་སྒོར་གྱི་ཁྲོམ་ར་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐོར་སྐྱོད་རང་བཞིན་གྱི་རྒྱབ་སྐྱོར་བྱ་རྒྱུ་དང་ས་གནས་དེ་གར་མི་དམངས་ཤོག་སྒོར་གྱི་ཚོང་དོན་དང་རྒྱུ་ནོར་དོ་དམ་སོགས་ཁྱབ་ཁོངས་ཀྱི་ལས་སྒོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་པ་མ་ཟད། ཚོང་དོན་དང་དངུལ་གཏོང་སྟབས་བདེ་ཅན་དུ་འགྲོ་རྒྱུར་ཡང་ཕན་ཐོགས་ཡོད། འོག་མས་དེ་ས་མཚམས་ཕྱི་རོལ་ཁྲོམ་རའི་ཡིད་རྟོན་མཐོ་བའི་མི་དམངས་ཤོག་སྒོར་གྱི་དངུལ་རྩའི་ཐོན་རྫས་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་ས་མཚམས་ཕྱི་རོལ་གྱི་མི་དམངས་ཤོག་སྒོར་གྱི་ཁྲོམ་རའི་འཕེལ་རྒྱས་འགྲོ་རྒྱུར་ཡང་ཕན་ཐོགས་ཡོད་པས་ས་མཚམས་ནས་སྒྲོལ་བའི་ཚོང་དོན་དང་དངུལ་གཏོང་སྟབས་བདེ་ཅན་ལ་སྐུལ་མ་གཏོང་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་བཤད་པ་རེད། ༼ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའུ་ཤིན་ཐའོ་ཡིས།༽
      

    ཕྱོགས་བསྡུས་གསར་འགྱུར།