འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་དུ་ཆན་ཕུའུ་330ཟིན་པའི་གློག་དྲ་ཆེན་པོ་བཙུགས་པས་བོད་རིགས་ས་ཁུལ་
    གྱི་མང་ཚོགས་ཁྲི་14ཡི་དགུན་སྒྲོལ་གློག་འགན་ལེན་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་07ཉིན། 16:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཆན་ཕུའུ་330ཡི་ཡུལ་ཤུལ་དྲ་སྦྲེལ་ལས་གྲྭས་གློག་བཏང་ཚུན་མཚོ་སྔོན་གློག་དྲས་བསྡོམས་རྩིས་བྱས་ན། ཡུལ་ཤུལ་ས་ཁུལ་ལ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1.0532ཟིན་པས། ཡུལ་ཤུལ་ས་ཁུལ་གྱི་དུས་ཚིགས་རང་བཞིན་གྱི་གློག་མི་འདང་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ས་གནས་དེ་གའི་དབྱར་དུས་ཆུ་རྒྱས་སྐབས་ཆུ་གློག་ཕྱིར་གཏོང་བའི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད། ཟླ་11ཚེས་20ཉིན་བར་ཡུལ་ཤུལ་ས་ཁུལ་གྱིས་མཚོ་སྔོན་གློག་དྲར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་5116ཟིན་ཡོད་པ་རེད།
          ཡུལ་ཤུལ་ས་ཁུལ་གྱི་དམངས་ཚོགས་ཁྲི་14ལ་དགུན་དུས་གློག་འདང་ངེས་སྤྱོད་རྒྱུ་ཡོད་པ་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས“ཚང་མར་ཁྱབ་པ་དང་། ཕྱོགས་ཡོངས། བརྒྱུད་རིམ་ཧྲིལ་པོ”བཅས་ཀྱི་ལས་ཀའི་བླང་བྱར་བཟུང་ནས་ཡུལ་ཤུལ་དྲ་སྦྲེལ་ལས་གྲྭར་དུས་ཡུན་གཟའ་འཁོར་གཉིས་ཀྱི་དགུན་དུས་ཆེད་དོན་གྲལ་བཤེར་ལས་དོན་སྤེལ་ཡོད། ལས་ཡུལ་གྱི་གློག་ཆས་ཁག་གི་འཁོར་སྐྱོད་གྲངས་གཞིར་དབྱེ་ཞིབ་བྱས་པ་གཞིར་བཟུང་། ལས་གྲྭ་དེའི་ཆན་ཕུའུ་330ཡི་ཐང་ནག་གློག་སྒྱུར་ས་ཚིགས་དང་། ཡུལ་ཤུལ་གློག་སྒྱུར་ས་ཚིགས། རྨ་སྟོད་གློག་སྒོའི་ས་ཚིགས་བཅས་དང་སྤྱི་ལེ་580ཡོད་པའི་གློག་སྐུད་ལས་གློག་ཡག་པོ་གཏོང་ཐུབ་པ་འཁོར་རྒྱུག་ཡག་པོ་བྱུང་བ་དང་བ་ཡན་ཧ་རིའི་རི་རྒྱུད་ཀྱི་འཁྱགས་སའི་སྟེང་གི་263ལྕགས་སྒྲོམ་གྱི་ས་འཁྱགས་ལ་འགྱུར་ལྡོག་ཕྱིན་པའི་རྐྱེན་པས་རྡིབ་ཉེན་ཡོད་པའི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་བསལ་བས་ཡུལ་ཤུལ་གྱི་གློག་དྲ་བདེ་འཇགས་དང་བརྟན་པོའི་ངང་འཁོར་རྒྱུག་བྱ་རྒྱུར་འགན་ལེན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།