འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་ཆེན་གྱི་བོད་སྨན་ཁག་6ལ་རྒྱལ་ཁབ་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་08ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་མཎྜལ་བོད་སྨན་ཁྲིད་སྦྱོང་ཁང་འཛུགས་མཁན་བསྟན་འཛིན་ཆོས་འཕེལ་གྱིས་ལོ་ངོ་མང་པོར་ཞིབ་འཇུག་བྱས་ཏེ་བཟོས་པའི་ཁྲག་དྭངས་བདུད་རྩི་རིལ་བུ་དང་། རླུང་ཚན་བརྒྱད་པ། རོ་བརྒྱའི་བདུད་རྩི་སོགས་བོད་སྨན་ཁག་6ལ་རྒྱལ་ཁབ་ཤེས་བྱ་ཐོན་དབང་ཅུས་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོབ་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་བོད་སྨན་6པོ་ནི་གཉན་སེལ་ཚ་འཇོམས་ཟུག་གཅོག་གི་སྨན་སྣ་མང་སྦྱོར་གྱི་བོད་སྨན་དང་། མཆིན་སྐྲན་དང་། ནུ་མའི་འབྲས་སྐྲན། བུ་སྣོད་ངན་སྐྲན་བཅས་གསོ་བཅོས་ཀྱི་སྨན་སྣ་མང་སྦྱོར་གྱི་བོད་སྨན། ལུས་ཕྱེད་འགུལ་མི་ཐུབ་པ་དང་། རུས་ཆག ཕྲག་པའི་གཉན་ཁ། རུས་ཚིགས་གསར་སྐྱེ། གྲང་བའི་ནད་བཅས་ཀྱི་ཕྱི་སྤྱོད་བོད་སྨན། མིད་པའི་ངན་སྐྲན་དང་ཡ་སྲིན། སོ་གཟེར་རྣག་བསགས་ཁྲག་ཐོན་བཅས་གསོ་བཅོས་ཀྱི་སྨན་སྣ་མང་སྦྱོར་གྱི་བོད་སྨན། དྲེག་གྲུམ་དང་། འབམ་ནད། ལྤགས་ནད། རེག་དུག་བཅས་གསོ་བཅོས་ཀྱི་སྨན་སྣ་མང་སྦྱོར་གྱི་བོད་སྨན། ཁྲག་ཤེད་མཐོ་བ་དང་། གཅིན་སྙི་ཟགས་ཁུ། ཁྲག་ཚིལ་གཅོག་པ་བཅས་གསོ་བཅོས་ཀྱི་སྨན་སྣ་མང་སྦྱོར་གྱི་བོད་སྨན་བཅས་རེད།
         ལོ་ངོ་མང་པོའི་རིང་བསྟན་འཛིན་ཆོས་འཕེལ་གྱིས་བོད་ཀྱི་གསོ་རིག་དང་བོད་སྨན་ལ་ཞིབ་འཇུག་ལྷོད་མེད་གནང་བ་དང་ལྷག་དོན་དུ་ན་ནིང་ཟླ་12པའི་ཟླ་དཀྱིལ་དུ་བཙུགས་པའི་བདེ་ཆེན་རྫོང་མཎྜལ་བོད་སྨན་ཁྲིད་སྦྱོང་ཁང་སྒོ་ཕྱེ་ཚུན་དེ་གའི་སྨན་ནུས་དམིགས་བསལ་ཡོང་ཆེད་སྨན་མ་བཟོས་གོང་ཁོང་གིས་དངོས་སུ་སྨན་རྩྭ་བཏུས་ནས་བོད་སྨན་གྱི་རྒྱུ་ཆ་ལྷད་མེད་འགན་ལེན་བྱེད་པ་མ་ཟད། ཁྲིད་སྦྱོང་ཁང་གི་བྱེད་སྒོ་ཁུལ་དུ་དངོས་པོ་འགྲེམས་པ་དང་། མངོན་སུམ་ལག་བསྟར། ཞིབ་འཇུག་སོགས་བྱེད་ནུས་གཞི་གཅིག་ཡིན་པའི་འགྲེམས་ཁང་ལ་བརྟེན་ནས་བདེ་ཆེན་ཀྲོའུ་ཡི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། བོད་སྨན་དང་ཀྲུང་ལུགས་སྨན་གྱི་སྲུང་སྐྱོང་དང་རྒྱུན་འཛིན་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།