འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་མི་ཆོས་རིག་གཞུང་ལྷན་ཚོགས་ཀྱིས་2015ལོའི་ལོ་ཚོགས་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་07ཉིན། 16:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན“མི་ཆོས་རིག་པ་དང་ཀྲུང་གོ་འཕེལ་རྒྱས”ཀྱིས་བརྗོད་བྱ་གཙོ་བོ་བྱེད་པའི་ཀྲུང་གོ་མི་ཆོས་རིག་གཞུང་ལྷན་ཚོགས་ཀྱི་2015ལོའི་ལོ་ཚོགས་དེ་པེ་ཅིང་ཅིང་ཤིས་མགྲོན་ཁང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ཧྲེ་མིང་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཀྲང་ཅང་དང་འོད་སྣང་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧོ་ཏུང་ཕིང་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོ་མི་ཆོས་རིག་གཞུང་ལྷན་ཚོགས་ཀྱིས“སྐབས་གཉིས་པའི་རིག་གཞུང་གྲུབ་འབྲས་བྱ་དགའ”སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་དང་བྱ་དགའ་ཐོབ་པའི་རྩོམ་ཡིག་དང་ཆེད་རྩོམ་55ནི་2010ལོའི“སྐབས་དང་པོའི་རིག་གཞུང་གྲུབ་འབྲས་བྱ་དགའི”རྗེས་ཀྲུང་གོ་མི་ཆོས་རིག་གཞུང་ལྷན་ཚོགས་ཀྱིས་མི་ཆོས་རིག་པའི་རིག་གཞུང་ཞིབ་འཇུག་དང་ཀུན་སྤྱོད་འཛུགས་སྐྱོང་སོགས་ཐད་ཐོབ་པའི་གྲུབ་འབྲས་གཅིག་བསྡུས་འགྲེམས་སྟོན་བྱས་པ་ཞིག་རེད།
          ཚོགས་ཆེན་ཐོག“བསྙེན་བཀུར་རིག་གནས་དང་རྒན་གསོ”དང“དུས་རབས་21གི་ཀྲུང་གོའི་དགེ་བའི་མི་ཆོས་ཀྱི་འགྱུར་བ”“རིགས་ཤོས་ཀུན་སྤྱོད་དང་དེང་དུས་ཀྱི་ཀུན་སྤྱོད་ཀྱི་གནད་དོན་ཞིབ་འཇུག”བཅས་ཁག་དབྱེའི་གླེང་སྟེགས་གསུམ་དང་གྲོས་བསྡུར་ཚོགས་ཆུང་དྲུག་བཙུགས་ཡོད། རྒྱལ་ཡོངས་ས་གནས་ཁག་གི་མཐོ་སློབ་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་མི་ཆོས་རིག་གཞུང་ལྷན་ཚོགས། ཚན་ཞིབ་སྒྲིག་གཞིའི་མི་ཆོས་མཁས་དབང་། སྲིད་གཞུང་མིན་པའི་རྩ་འཛུགས། ཁེ་ལས། སྨྱན་སྦྱོར་སོགས་ཀྱི་སྐུ་མགྲོན་དང་འཐུས་མི་500ཚོགས་འདུར་ཞུགས་ཡོད། ཚང་མས་མི་ཆོས་རིག་པ་དང་ཀྲུང་གོ་འཕེལ་རྒྱས་ཁྲོད་ཀྱི་ཀུན་སྤྱོད་འཛུགས་སྐྱོང་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་གོམས་སྲོལ་ལེགས་གཏོང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་སོགས་གླེང་མང་བའི་གནད་དོན་ལ་གྲོས་བསྡུར་དང་སྤེལ་རེས་བྱས་པ་རེད།
          ཉིན་གཅིག་གི་གོང་ཀྲུང་གོ་མི་ཆོས་རིག་གཞུང་ལྷན་ཚོགས་ཀྱི་2015ལོའི་ལས་འཛིན་ཚོགས་འདུ་འཚོགས་ནས་ཀྲུང་གོ་མི་ཆོས་རིག་གཞུང་ལྷན་ཚོགས་ཀྱི་2015ལོའི་ལོ་འཁོར་གྱི་ལས་དོན་སྙན་ཞུ་དང་《ཀྲུང་གོ་མི་ཆོས་རིག་གཞུང་ལྷན་ཚོགས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་འཕེལ་རྒྱས་འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་གཞི་》སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།