འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ“དགའ་ལྡན་ལྔ་མཆོད”ཤར་བར་རྗེ་ཙོང་ཁ་པ་ཆེན་པོར་སྙིང་དབུས་ནས་
    དད་གུས་ཀྱིས་རྗེས་དྲན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་07ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་སུ“དགའ་ལྡན་ལྔ་མཆོད”ཤར་བར་རྗེ་ཙོང་ཁ་པ་ཆེན་པོར་སྙིང་དབུས་ནས་
དད་གུས་ཀྱིས་རྗེས་དྲན་ཞུས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ལོ་ཟླ་12ཚེས་5ཉིན་(བོད་རྩིས་ཟླ་10ཚེས་25ཉིན་)ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རེར་ཐེངས་རེའི་སྲོལ་རྒྱུན་ཀྱི་ཆོས་ལུགས་དྲན་གསོའི་ཉིན་མོ“དགའ་ལྡན་ལྔ་མཆོད”དེ་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའ་སྲོལ་གཏོད་མཁན་ཙོང་ཁ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཉིན་མོ་རེད།
         དགོང་མོའི་ཆུ་ཚོད་7དང་སྐར་མ་30ཐོག་ལྷ་ལྡན་གཙུག་ལག་ཁང་གི་གྱང་སྟེང་དུ་སྒྲོན་མེ་སྟོང་ཕྲག་དུ་མ་རེ་རེ་བཞིན་སྤར་ནས་སྐར་ཚོགས་ས་ངོས་སུ་ཁྲ་ཆིལ་ཆིལ་འཕྲོ་བ་ལྟར་སྣང་། དེ་དང་དུས་མཚུངས་སུ་དུང་ཆེན་དང་། དུང་དཀར། རྒྱ་གླིང་སོགས་ཀྱི་སྒྲ་མཉམ་དུ་བསྒྲགས་ཤིང་། དགེ་འདུན་བཅུ་ཕྲག་ཁ་ཤས་གཙུག་ལག་ཁང་གི་གྱང་སྐོར་དུ་སྟར་བསྒྲིགས་ཏེ་ཞལ་འདོན་གནང་འགོ་བརྩམས། གྱང་སྐོར་འོག་ཏུ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་མཇལ་ཁ་ཞུ་མཁན་ཚོས་ཐང་ཆེན་ཡོངས་སུ་གང་སྟེ་བསང་གདུག་སྤྲིན་ལྟར་འཁྲིགས་པའི་འོག་ཏུ་ལག་ཏུ་ཕྲེང་བ་བཟུང་ཞིང་ཁ་ནས་མ་ཎི་བཏོན་ཏེ་ཙོང་ཁ་པ་ཆེན་པོར་སྙིང་དབུས་ནས་དད་གུས་ཀྱིས་རྗེས་དྲན་ཞུ་བཞིན་ཡོད་ལ། རང་ཉིད་དང་། ཁྱིམ་མི། འགྲོ་བ་ཐམས་ཅད་བཅས་ཀྱི་ཆེད་དུ་གཡང་གསོལ་ཡང་ཞུ་བཞིན་ཡོད་པ་རེད། 
         ལོ་རྒྱུས་དེབ་ཐེར་དུ་འཁོད་པ་ལྟར་ན། ལོ་ངོ་600ལྷག་གི་གོང་ལ་ཙོང་ཁ་པ་ཆེན་པོས་བོད་ཀྱི་དགེ་ལུགས་པའི་གྲུབ་མཐའ་སྲོལ་བཏོད་པ་དང། སྤྱི་ལོ་1419ལོ་སྟེ་ས་ཕག་ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ཙོང་ཁ་་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ། ཉིན་དེ་རྗེ་ཙོང་ཁ་པ་ཆེན་པོར་རྗེས་དྲན་ཞུ་བའི་ཉིན་མོར་སྲོལ་རྒྱུན་དུ་ཆགས་ཤིང་། ལོ་རེའི་ཉིན་དེར་བོད་མི་དད་ལྡན་ཚོས་རང་ཉིད་ཀྱི་འཁོས་འབྱོར་ལ་གཞིགས་ཏེ་དགོན་སྡེ་ཁག་ལ་མཆོད་སྤྲིན་འབུལ་བ་དང་། བསང་བདུད་སྤྲིན་ལྟར་འཁྲིགས་པ་གཏོང་བ། མཚན་མོར་མར་དང་། སྣུམ། དཀར་ཞུན་བཅས་ཀྱིས་དགོན་པ་དང་ཁང་པའི་ཡང་ཐོག་སོགས་ལ་མར་མེ་དཀར་ཕྲེང་ཚོགས་ལྟར་ཕུལ་ནས་རྫེ་ཙོང་ཁ་པ་ཆེན་པོར་སྙིང་དབུས་ནས་རྗེས་དྲན་ཞུ་བཞིན་ཡོད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།བོད་ལྗོངས་སུ“དགའ་ལྡན་ལྔ་མཆོད”ཤར་བར་རྗེ་ཙོང་ཁ་པ་ཆེན་པོར་སྙིང་དབུས་ནས་
དད་གུས་ཀྱིས་རྗེས་དྲན་ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།