འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དག་གཙང་དཀར་མཛེས་པ་ཨན་ཧུའེ་ཐེན་ཁྲང་དུ་བསྐྱོད་ཅེས་པའི་རིག་རྩལ་འཁྲབ་སྟོན་ཆེ་གྲས་གཉེར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་02ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།དག་གཙང་དཀར་མཛེས་པ་ཨན་ཧུའེ་ཐེན་ཁྲང་དུ་བསྐྱོད་ཅེས་པའི་རིག་རྩལ་འཁྲབ་སྟོན་ཆེ་གྲས་གཉེར་བ།
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་དང་ཨན་ཧུའེ་ཐེན་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བའི“སྐལ་བཟང་མེ་ཏོག་དང་མེ་ཏོག་མ་ལི་ཀ་ལག་གདང་སྦྲེལ”བ་སྟེ་དག་གཙང་དཀར་མཛེས་པ་ཐེན་ཁྲང་དུ་བསྐྱོད་ཅེས་པའི་མི་རིགས་རིག་གནས་སྤེལ་རེས་རིག་རྩལ་འཁྲབ་སྟོན་ཆེ་གྲས་དེ་ཐེན་ཁྲང་གྲོང་ཁྱེར་ལུས་རྩལ་ཁང་དུ་གཉེར་བ་རེད།
         དཀར་མཛེས་ཀྲོའུ་ནས་ཡོང་བའི་འཁྲབ་སྟོན་པ་ཚོས་གླུ་ལེན་གར་འཁྲབ་བྱས་ནས་ཡུལ་དེའི་ཡུལ་སྲོལ་གོམས་འདྲིས་དང་། མི་བཟོས་མཛེས་ལྗོངས། རང་བྱུང་ཡུལ་ལྗོངས། གླུ་གར་གྱི་དགའ་སྟོན་བཅས་ཐེན་ཁྲང་གི་ལྟད་མོ་བའི་མིག་ལམ་དུ་བསྟན་པ་དང་། ཐེན་ཁྲང་གི་འཁྲབ་སྟོན་པ་ཚོས་ཀྱང་བར་གསེང་དུ་འཁྲབ་སྟོན་བྱས་པའི་ནང་《མེ་ཏོག་མ་ལི་ཀ་》དང་《གྲོང་རྡལ་ཐེན་ཁྲང་》སོགས་ལའང་ལྟད་མོ་བའི་དགའ་བསུ་ཟབ་མོ་ཐོབ་ཅིང་། འདི་ནི་འཁྲབ་སྟོན་བྱེད་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།