འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་གཙང་གི་ཐང་གའི་སྒྱུ་རྩལ་སྤུས་ལེགས་འགྲེམས་སྟོན་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་04ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཚོ་བོད་ས་གཙང་གི་ཐང་གའི་སྒྱུ་རྩལ་སྤུས་ལེགས་འགྲེམས་སྟོན་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་དུ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་3ཉིན། མཚོ་བོད་ས་གཙང་ཐང་གའི་སྒྱུ་རྩལ་སྤུས་ལེགས་འགྲེམས་སྟོན་དེ་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ཀྲུང་གོའི་རྡོ་སོལ་རྟེན་རྫས་བཤམས་མཛོད་ཁང་དུ་བྱས་ཤིང་། མང་ཚོགས་མང་པོ་བཀུག་ནས་ལྟ་སྐོར་བྱེད་པར་ཡོང་བ་རེད། ཐང་ག་ནི་ཀྲུང་གོའི་བོད་རིགས་ས་ཁུལ་གྱིས་བཀལ་ནས་མཆོད་འབུལ་ཞུ་བའི་ཆོས་ལུགས་ཀྱི་རི་མོ་ཞིག་ཡིན་ལ། བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཐུན་མིན་ལྡན་པའི་རི་མོའི་སྒྱུ་རྩལ་ཞིག་ཀྱང་ཡིན་པ་མ་ཟད། བརྗོད་བྱ་དང་ནང་དོན་ནི་བོད་རིགས་ཀྱི་ལོ་རྒྱུས་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད་པས། བོད་རིགས་ཀྱི་ཤེས་བརྒྱ་ཀུན་བཏུས་སུ་འབོད།  2008ལོའི་ཟླ་6པར། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རིག་གནས་པུའུ་ཡིས་ཐང་ག་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔང་ཡིག་གནང་བ་རེད།
    ༄༅།།མཚོ་བོད་ས་གཙང་གི་ཐང་གའི་སྒྱུ་རྩལ་སྤུས་ལེགས་འགྲེམས་སྟོན་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་དུ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།