འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཁེ་ལས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་དང་པོར་“བོད་སྨན་གསར་པ་
    གསར་སྤེལ”ཆོག་མཆན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། ཐིང་འདིས་འོས་སྦྱོར་བྱས་པའི་མཚོ་སྔོན་ཅིན་ཁོའོ་བོད་ལུགས་གསོ་རིག་དང་བོད་སྨན་ཚོགས་པ་ཚད་ཡོད་ཀུང་སིའི་མིང་ཐོག་ཚན་པར་བྱས་ཏེ་འདུན་ཞུ་བྱས་པའི“བོད་སྨན་གསར་པ་གསར་སྤེལ་གྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང”ལ་རྒྱལ་ཁབ་ཚན་རྩལ་པུས“ཁེ་ལས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང”གི་ཆོག་མཆན་སྤྲད་པ་རེད།
         ཁེ་ལས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་ནི་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་མ་ལག་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང་མཐོ་རིམ་སློབ་གྲྭ་ཆེན་མོའམ་སློབ་གླིང་དང་ཚན་ཞིབ་ཁང་དང་སུའོ་སོགས་ལ་བརྟེན་ནས་བསྐྲུན་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་ཕན་ཚུན་གསབ་རེས་བྱས་ཏེ་སོ་སོར་གཙོ་གནད་རེ་ཡོད་པ་རེད། ཁེ་ལས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ལས་འགན་གཙོ་བོ་ནི་སྤྱི་ཚོགས་དང་ལས་རིགས་ཀྱི་མ་འོངས་པའི་འཕེལ་རྒྱས་ཀྱི་དགོས་མཁོར་ཕྱོགས་པ་དང་། ཉེར་སྤྱོད་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་གྱི་ཞིབ་འཇུག་བྱེད་པ། རྒྱལ་སྤྱི་དང་རྒྱལ་ཁབ་དང་། ལས་རིགས་ཀྱི་ཚད་གཞིར་ཞིབ་འཇུག་བྱས་ནས་བཟོ་བ། ཕུལ་བྱུང་གི་ཤེས་ལྡན་མི་སྣ་གཅིག་སྡུད་ཐོག་གསོ་སྐྱོང་བྱས་ཏེ་ལས་རིགས་ཀྱི་ལག་རྩལ་འཕེལ་རྒྱས་ལ་སྣེ་འཁྲིད་དང་སྐུལ་འཁྲིད་བྱ་རྒྱུ་བཅས་རེད།
         “བོད་སྨན་གསར་པ་གསར་སྤེལ་གྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང”གིས་བོད་སྨན་དང་བོད་སྨན་གསར་པ་ཞིབ་འཇུག་དང་གསར་སྤེལ་དང་། བོད་སྨན་སྤུས་ལེགས་དང་གྲགས་ཅན་གྱི་སྣ་ཁ་གསར་སྤེལ་ཐེངས་གཉིས་པ་བྱས་པ། བོད་སྨན་ཐང་དང་རིལ་བུ། དེ་བཞིན་ཁྱད་ལྡན་ཐོན་ཁུངས་གྱི་བདེ་སྲུང་ཐོན་རྫས་བཅས་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་དེ་ཞིབ་འཇུག་གི་ཁ་ཕྱོགས་སུ་འཛིན་པ་དང་། སྙིང་དང་ཁྲག་རྩའི་མ་ལག་དང་། མཆིན་མཁྲིས་ཀྱི་ནད། དབུགས་ལམ་མ་ལག་གི་རྒྱུན་མཐོང་ནད། ཐོན་མང་བའི་ནད། དོགས་ནད་དང་བཅོས་དཀའ་བའི་ནད་སོགས་ནད་གཞི་སྔོན་འགོག་གི་སྨན་རིགས་ཀྱི་ལྟེ་བའི་གནད་དོན་དེ་གཙོ་གནད་དུ་བྱས་ནས་བོད་སྨན་གྱི་རྩྭ་སྨན་དང་སྨན་འཛིན་གྱི་ཚད་ལྡན་ཡིག་ཆ་ར་སྤྲོད་ཁུངས་འཚོལ་གྱི་ཞིབ་འཇུག་དང་བོད་སྨན་གྱི་སྨན་རིགས་སྦྱོར་རྟའི་ཆོས་ཉིད་ཞིབ་འཇུག་བྱེད་པ་དང་དེ་བཞིན་བོད་སྨན་སྨན་རྒྱུ་འདུལ་བའི་ལག་རྩལ་དང་། བོད་སྨན་གྱི་སྤུས་ཚད་ཚད་གཞི་དང་སྤུས་ཚད་ཚོད་འཛིན་ལག་རྩལ། བོད་སྨན་གྱི་ནུས་པའི་རང་བཞིན་དང་བདེ་འཇགས་རང་བཞིན་གྱི་གདེང་འཇོག་སོགས་ཀྱི་ཞིབ་འཇུག་བྱེད་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།