འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཁུ་ལྷ་བརྟན་དང་མཉམ་དུ་རྩྭ་ཐང་གི་གྲོང་རྡལ་གསར་པར་ལྟ་བར་སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྡོ་ཉི་ཟླ་བརྒལ་རྗེས་གནམ་ས་གསར་པ་ཡིན། རླངས་འཁོར་ནི་གཞུང་ལམ་བརྒྱུད་མགྱོགས་མྱུར་སྐྱོད་བཞིན་ཡོད་པ་དང་རིམ་བཞིན་ཉེ་རུ་སོང་བའི་འུན་ཤིང་ཀོང་ཇོའི་འཇིམ་རྐོས་མཐོང་སྐབས་ང་ཚོས“མཚོ་བོད་ས་མཐོའི་གྲོང་རྡལ་དང་པོ”ཡིན་པའི་རིག་མོ་གཞུང་གྲོང་རྡལ་དུ་སླེབས་ཉེར་ཡོད་པ་ཤེས།
         “སྒོ་འགྲམ་གྱི་ལམ་འགྲོ་བདེ་པོ་མེད། ང་ཚོས་གཞུང་ལམ་གཡས་གཡོན་དུ་མི་སྐྱོད་ལམ་འདིང་བཞིན་ཡོད”ཅེས་གཞུང་དོན་ཁང་ནང་འཛུལ་མ་ཐག་ཀྲེན་ཀྲང་འཇམ་དབྱངས་ཀྱིས་བཤད། ཁོང་གིས“ཉེ་བའི་ལོ་ཤས་རིང་བོད་རིགས་ས་ཁུལ་ལ་དམིགས་པའི་རྣམ་གྲངས་ལས་ང་ཚོའི་རིག་མོ་གཞུང་གྲོང་རྡལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་བཤད། སྐབས་དེར་ཕ་ཡག་གྲོང་ཚོའི་དེ་སྔའི་ཀྲི་པུའུ་ཧྲུའུ་ཅི་ཞིང་ཆེན་འབྲོག་ཁུལ་གྱི་ངལ་རྩོལ་དཔེ་བཟང་བ་རྒན་གྲས་ལྷ་བརྟན་འཛུལ་ཡོང་བ་དང་ཁོང་གིས་གྲོང་རྡལ་དུ་རང་གྲོང་ཚོའི་གཉེར་སྐྱོང་བྱེད་ཉེར་ཡོད་པའི་མང་ཚོགས་དུད་ཚང་25ལ་ལས་གཉེར་ལག་ཁྱེར་གཉེར་རོགས་བྱེད་པར་ཡོང་བ་རེད། ང་ཚོའི་སྐད་ཆ་ཐོས་སྐབས་ཁོང་གིས་སེམས་འགུལ་ཐེབས་པའི་ངང“ཁྱེད་ཀྱིས་གཞུང་ལམ་གཡས་གཡོན་གྱི་ཚོང་ཁང་གསར་པ་དང་། ང་ཚོའི་གྲོང་སྐོར་ལམ། ང་ཚོའི་འབྲོག་པའི་གནས་སྡོད་བྱ་ཡུལ་བཅས་ལ་གཟིགས་དང་། ཨ་ཁུས་ཁྱེད་ཚོ་རིག་མོ་གཞུང་གྲོང་རྡལ་གསར་པར་བལྟ་བར་ཁྲིད་ཆོག”ཅེས་ཤོད་གྱིན་དུ་ཕྱིར་སྐྱོད།
         “ད་ཆ་ང་ཚོའི་གཞུང་ལམ་གཡས་གཡོན་ལ་ལམ་སྒྲོན་བསྒར་བ་མ་ཟད་ཐོག་ཁང་དུ་ཚོན་ཁྲ་ཅན་གྱི་གློག་བཞུ་ཡང་བསྒར་ཡོད། མཚན་མོ་དེར་སྒོར་གཞས་འཁྲབ་ནས་ཧ་ཅང་འཁྲུག་པོ་ཡོད”ཅེས་བཤད།
         ས་ཚིགས་དང་པོར་ཨ་ཁུ་ལྷ་བརྟན་གྱིས་ང་ཚོ་རིག་མོ་གཞུང་གྲོང་རྡལ་གྱི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་དངོས་པོ་འུན་ཤིང་ཀོང་ཇོའི་ཐང་ཆེན་ལ་བལྟ་བར་ཁྲིད་བྱུང་། “འདི་ལོ་གྲོང་རྡལ་གྱིས་གྲོང་རྡལ་གྱི་རྣམ་པ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་འགོ་ཚུགས་པས་གད་སྙིགས་གཙང་བཤེར་བྱས་ནས་དབོར་བ་དང་། ས་འོག་ཆུ་ལམ་བཟོས་པ། ཁོར་ཡུག་གཙང་སྦྲ་བྱས་པ་བཅས་མ་ཟད། ཚང་མའི་བྱང་ཚད་ཀྱང་མཐོ་རུ་ཕྱིན་པ་དང་ང་ཚོ་མི་སེར་རྣམས་ཀྱང་སྐྱིད་དུ་སོང་ཡོད”ཅེས་བཤད།
         ལྷ་བརྟན་གྱིས་ཤོད་གྱིན་དུ་མུ་མཐུད་མདུན་དུ་སྐྱོད། ཡུད་ཙམ་མ་སོང་བར་ང་ཚོ་གྲོང་རྡལ་གྱི་ཁྲོམ་རར་འབྱོར། “སྒོ་འགྲམ་དུ་མི་དེ་ཙམ་མི་འདུག”གསར་འགོད་པའི་དོགས་གནད་དེ་ཨ་ཁུ་ལྷ་བརྟན་གྱིས་སྒོ་ཡོལ་ཕྱེ་བ་དང་དུས་མཚུངས་མེད་པར་གྱུར། ཁྲོམ་ར་ཆེན་པོ་དེ་ཙམ་མེད་ཀྱང་མི་སྣ་གདོང་ཐུག་བྱས་ནས་ཧ་ཅང་འཁྲུག་པོ་འདུག སྒོ་འགྲམ་དུ་ཡོད་པའི་གློག་རྡུལ་ཐོན་རྫས་ཚོང་ཁང་ཞིག་ནང་སྐྱོད་སྐབས་སྙིང་འབུམ་རྒྱལ་གྱིས་བོད་རིགས་ཕོ་གསར་གཉིས་ལ་བཟོ་ལྟ་དཔེ་གསར་གྱི་ཉལ་ཆས་ངོ་སྤྲོད་བྱེད་བཞིན་ཡོད། ལོ་དྲུག་གི་གོང་དུ་འབྲོག་པའི་བུ་ཕྲུག་དེས་ཁྲོམ་ར་ནས་ཚོང་ཁང་གཉིས་གླས་ཏེ་ཚན་རྩལ་མཐོ་བའི་ཐོན་རྫས་ཕྱིར་ཚོང་བྱེད་འགོ་ཚུགས་པ་དང་ད་ཆ་ཚོང་ཁང་བརྒྱད་ཡོད་པའི་ཁོང་གི་ལོའི་ཡོང་འབབ་སྒོར་ཁྲི་30ལས་བརྒལ་ཡོད།
         ཀན་སུའུ་ཐེན་ཧྲུའེ་ནས་ཡོང་བའི་ཝ་ཧྥང་ཐའོ་ཡིས་བོད་སྐད་ཆུ་རྒྱུག་རྒྱུག་ཤོད་མ་ཐུབ་ཀྱང་ཚོང་རྒྱག་པར་སྣང་དག་མེད་པ་དང་མི་མང་པོ་ཡོད་ནའང་ཁོང་གིས་ལྷོད་ལྷོད་ངང་སྣེ་ལེན་ཞུ་གི་ཡོད། ལྷ་བརྟན་གྱིས་གསར་འགོད་པར“ལོ་ཉི་ཤུ་ལྷག་ཙམ་གོང་ཕྲག་ཁུར་ཚོང་གཉེར་བ་ཡིན་པའི་ཁོང་བཟའ་ཚང་ང་ཚོའི་གྲོང་ཚོས་ཉར་བ་རེད། ད་ཆ་ཁོང་ཚོའི་ཁྱིམ་དུ་སྡོད་ཁང་གསར་པ་བརྒྱབ་པ་དང་ཚོང་བརྒྱབ་པ་མ་ཟད་ཕྲུ་གུ་ཡང་སློབ་ཆེན་དུ་ཚུད་མ་ཐག་རེད”ཅེས་བཤད་བྱུང་།
         ལྷ་བརྟན་གྱིས་ང་ཚོའང་གསར་དུ་བཟོས་པའི་གྲོང་སྐོར་ལམ་དུ་འཁྲིད། གཞུང་ལམ་ནི་གྲོང་རྡལ་ཆུང་ཆུང་དེའི་ངོས་ནས་བརྗོད་ན་ཐུན་མོང་མ་ཡིན་པའི་དོན་སྙིང་ལྡན་ཡོད། མཚོ་བོད་གཞུང་ལམ་གཡས་གཡོན་གྱི་ཟ་ཁང་དང་། འགྲུལ་ཁང་། ཚོང་ཁང་སོགས་རེ་རེ་ལས་གཞུང་ལམ་ལ་བརྟེན་པའི་དར་རྒྱས་མཚོན་ཐུབ། “ན་ནིང་ནས་བཟུང་གྲོང་རྡལ་གྱིས་ད་དུང་ཕ་ཡག་ལམ་དང་། ཕག་སྐོར་ལམ། རབ་ཡོག་ལམ། སྡོང་ངོས་ལམ་བཅས་སྐྲུན་འགོ་ཚུགས་ཡོད། ལམ་དེ་དག་ཚང་མ་གྲོང་རྡལ་དེའི་རྐང་འཛིན་ལྟ་བུ་རེད”ཅེས་རྒན་རྒོན་ཁོང་ལྷག་པའི་ཁྲོད་ལངས་ནས་གད་མོ་དགོད་བཞིན་དུ་བཤད།
         ས་གཞི་ཆེ་མོ་དེར་མང་ཚོགས་ཀྱི་འཚོ་བ་ནི་རྒྱུན་ཆད་མེད་པར་ཡག་ཏུ་འགྲོ་བཞིན་ཡོད། ལྷ་བརྟན་དང་མཉམ་དུ་ཚང་མ་རྡོ་བསྐོས་བཟོ་གྲྭར་སྐྱོད། “ང་ཚོ་ལྟ་ཙམ་བྱེད་པར་འགྲོ”ཞེས་རྒན་རྒོན་གྱིས་བཤད་པ་དང་སྦྲགས་ང་ཚོ་བཟོ་གྲྭའི་ནང་སྐྱོད། རྡོ་བརྐོས་ཐོན་རྫས་སྟར་པ་རེ་རེ་བཞིན་བསྒྲིགས་པའི་འཁོར་ཁང་ནང་ལོ་20ལྷག་ཙམ་ལ་སླེབས་པའི་རྣམ་རྒྱལ་གྱིས་ང་ཚོར་ཚན་རྩལ་མཐོ་བའི་སྐུལ་འོད་འཕྲུག་ཆས་བསྟན་བྱུང་། “བསམ་ཡུལ་ལས་འདས་པ་ཞིག་རེད་དམ། ང་ཚོའི་ཕྱུགས་འཚོ་མཁན་བོད་རིགས་ཕོ་གསར་ཚོས་ཚན་རྩལ་མཐོ་བའི་ལག་ཆ་བེད་སྤྱད་དེ་ཚན་རྩལ་མཐོ་བའི་ཐོན་རྫས་ཐོན་སྐྱེད་ཐུབ་པ་དེ་ཏང་གིས་ང་ཚོར་དམངས་ཕན་སྲིད་ཇུས་དང་སློབ་གསོའི་སྲིད་ཇུས་ལག་ལེན་བསྟར་བ་ལས་བྱུང་བ་རེད། ང་ཚོའི་འབྲོག་པ་ཚང་མ་སྲིད་ཇུས་དེ་དག་གི་ཁེ་ཕན་ལོངས་སྤྱོད་ཐུབ་ཡོད”ཅེས་ལྷ་བརྟན་གྱིས་བཤད།
         རྡོ་བརྐོས་བཟོ་གྲྭ་ནས་ཕྱིར་དོན་སྐབས་ལྷ་བརྟན་སྔར་བཞིན་སྤྲོ་སེམས་ཀྱིས་ཁེངས་པ་དང་དབྱར་མཚོ་རྒྱས་པ་ལྟར་གསོན་ཉམས་ལྡན་པའི་ཕ་ཡུལ་ལ་བལྟ་བཞིན་དུ་ཁོང་གིས“གྲོང་རྡལ་གྱི་རྣམ་པ་སྔར་བས་མཛེས་སུ་འགྲོ་བཞིན་ཡོད་ལ་འབྲོག་པའི་འཚོ་བ་ཕྱུག་ཏུ་དང་ཡག་ཏུ་འགྲོ་བཞིན་ཡོད། སྲིད་གཞུང་གི་ཤུགས་ཆེའི་རོགས་སྐྱོར་འོག་རིག་གནས་ཀྱི་སྙིང་དོན་སྔོག་འདོན་བྱེད་པའི་བྱ་བ་མང་ཙམ་བསྒྲུབས་ཏེ་མཚོ་སྔོན་པོར་ཡུལ་སྐོར་དུ་ཡོང་མཁན་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཚོས་རིག་མོ་གཞུང་དུ་ལྟོ་ཆས་བཟའ་བ་དང་དངོས་པོ་ཉོ་སྒྲུབ་ཐུབ་པ་མ་ཟད། མི་རིགས་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་མྱོང་ཚོར་ཡང་ལྡན་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།