འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་པར་རིས་འགྲེམས་སྟོན་ཆེ་མོའི་འབྲས་
    བུ་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་24ཉིན། 12:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་དང་པོའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་པར་རིས་འགྲེམས་སྟོན་ཆེ་མོའི་འབྲས་
བུ་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་21ཉིན་གྱི་ཕྱི་དྲོ་སྐབས་དང་པོའི“བོད་ཀྱི་ཡུལ་སྲོལ་གོམས་གཤིས‘ཇོ་མོ་གླང་མའི་འཁྱག་རོམ’ཞེས་པའི་པར་རིས་འགྲེམས་སྟོན་ཆེན་མོའི”མཐའ་མའི་དཔྱད་འདེམས་འབྲས་བུ་པེ་ཅིང་དུ་ཁྱབ་བསྒྲགས་བྱས་ཤིང་། ཡའོ་ཧའེ་ཆོན་གྱི་རི་མོའི་བརྩམས་ཆོས་《མེ་འཁོར་བསྡད་ནས་པེ་ཅིང་དུ་བསྐྱོད་》ཅེས་པར་གསེར་གྱི་བྱ་དགའ་ཐོབ་པ་རེད།
         འགྲེམས་སྟོན་ཆེན་མོ་དེ་ཟླ་9ཚེས་15ཉིན་ལྷ་སར་ཐོག་མའི་དཔྱད་འདེམས་ལེགས་གྲུབ་བྱུང་བ་དང་རྒྱལ་ཡོངས་ཀྱི་པར་ལེན་མཁན་281གི་འགྲེམས་ཞུགས་པར་རིས་བརྩམས་ཆོས་1600ལྷག་ཙམ་ཁྲོད་བརྩམས་ཆོས་332མཐའ་མའི་དཔྱད་འདེམས་ལ་བདམས་ཡོད་པ་རེད། 《མེ་འཁོར་བསྡད་ནས་པེ་ཅིང་དུ་བསྐྱོད་》ཅེས་པར་གསེར་གྱི་བྱ་དགའ་ཕུད། 《ལྷ་རྒྱལ་འཐེན་པ་》དང་《སྣོད་བཅུད་ཁྱིམ་གཞིས་》ཞེས་པར་དངུལ་གྱི་བྱ་དགའ་ཐོབ་པ་དང་། བརྩམས་ཆོས་རྐྱང་པ་《ཇོ་མོ་གླང་མའི་ཉི་གཞོན་》དང་། 《ཀུ་ཤུ་འཁྱེར་བའི་བོད་རིགས་བུད་མེད》 《གནས་མཇལ་བ་》ཞེས་པར་ཟངས་ཀྱི་བྱ་དགའ་ཐོབ་པ། ཚན་སྒྲིག་བརྩམས་ཆོས་《རྨོད་གཉའ་གཅོག་པ་》དང་། བརྩམས་ཆོས་རྐྱང་པ་《བོད་བྱང་ཐང་རྟ་རྒྱུག་དུས་ཆེན་གྱི་དགའ་སྣང་》དང་། 《ང་ཡང་རླངས་འཁོར་གྱི་མོ་ཐྲོལ་བྱེད》 《མུན་ནག་ཁྲོད་ཀྱི་འོད་ཟེར》 《གུར་གྱི་འགྲམ་དུ་ཐག་མཆོང་རྒྱག་མཁན་གྱི་ཕྲུ་གུ་》ཞེས་པར་ཕུལ་བྱུང་གི་བྱ་དགའ་ཐོབ་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་པར་རིས་འགྲེམས་སྟོན་ཆེ་མོའི་དམིགས་ཡུལ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་ཚུན་དང་། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་སྤྱི་ཚོགས་ཡར་ཐོན་དང་། མི་རིགས་མཐུན་སྒྲིལ། འཚོ་བ་བདེ་སྐྱིད། ཡུལ་ལྗོངས་ལྟ་ན་སྡུག་པ་བཅས་ལ་མངོན་པ་བྱས་པ་དེ་རེད།
         ཚེས་21ཉིན་དེར་ཀྲུང་གོ་པར་ལེན་མཁས་ཅན་མཐུན་ཚོགས་ཀྱིས་གཙོ་བྱས་པའི་འགྲེམས་སྟོན་ཆེན་མོའི་མཐའ་འདེམས་ཨུ་ཡོན་ལྷན་ཁང་གིས་བདམས་ཐོན་བྱུང་བའི་བརྩམས་ཆོས་332ལ་དཔྱད་ཞིབ་བྱས་ཏེ་མཐའ་མ་བརྩམས་ཆོས་11(ཚན་སྒྲིག)བདམས་པ་དེ་དག་གསེར་དང་། དངུལ། ཟངས་བཅས་ཀྱི་བྱ་དགའ་དང་དེ་བཞིན་ཕུལ་བྱུང་བྱ་དགའ་བཅས་སུ་ཕྱེ་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། མཐའ་འདེམས་ལ་ཚུད་པའི་བརྩམས་ཆོས་332དེ་དག་བོད་ལྗོངས་པར་རིས་དྲ་བ་དང་ཤིན་ཧྭ་དྲ་བར་འགྲེམས་རྒྱུ་དང་འབྲེལ་ས་གནས་ཁག་ཏུ་སྐོར་འགྲེམས་ཀྱང་བྱ་རྒྱུ་རེད།
    ༄༅།།སྐབས་དང་པོའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་པར་རིས་འགྲེམས་སྟོན་ཆེ་མོའི་འབྲས་
བུ་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།