འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།“ངའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་
    ལྷ་སར་བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་22ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།“ངའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་
ལྷ་སར་བྱེད་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་21ཉིན། སྐབས་གསུམ་པའི“ངའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་རྒྱལ་ཡོངས་གཟུགས་བརྙན་འགྲན་བསྡུར་ཆེན་པོའི་བརྩམས་ཆོས་ཕུལ་བྱུང་འགྲེམས་སྟོན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བྱེད་འགོ་བརྩམས་པ་དང་། འགྲེམས་སྟོན་ལ་རང་བྱུང་མཛེས་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྒྱུ་རྩལ། བོད་ལྗོངས་ཀྱི་འཚོ་བ་ལ་སོགས་པའི་བརྗོད་བྱ་གཙོ་བོ་བརྒྱད་ཡོད་ལ་གཟུགས་བརྙན་བརྩམས་ཆོས་90ལྷག་བཀྲམས་པ་རེད།
         བོད་ལྗོངས་ནི་རི་ཆུ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་རང་བྱུང་ཡུལ་ལྗོངས་མཛེས་སྡུག་ལྡན་ལ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ཕུན་སུམ་ཚོགས་པའི་ཐོག་ཆས་འཛམ་གླིང་ཡོངས་ཀྱི་མིག་དབང་འགུགས་བཞིན་ཡོད་ལ། པར་ལེན་མཁས་པ་དང་པར་ལེན་ལ་དགའ་པོ་བྱེད་མཁན་ཚོའི་འདུ་འཛོམས་བྱེད་ས་དེ་བས་ཀྱང་རེད། 
         “ངའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་རྒྱལ་ཡོངས་གཟུགས་བརྙན་འགྲན་བསྡུར་ཆེན་པོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་གཉེར་གནང་སྟེ་2010ལོ་ནས་འགོ་བརྩམས་པ་རེད། སྐབས་གསུམ་པའི་འགྲན་བསྡུར་ཆེན་པོ་2014ལོའི་ལོ་མཇུག་དུ་སྤེལ་འགོ་བརྩམས་ཤིང་། འདྲ་པར་དང་། ལག་ཁྱེར་ཁ་པར་གྱིས་བླངས་པའི་འདྲ་པར། གློག་བརྙན་བརྙན་འཕྲིན། སྤྱི་ཚོགས་ཀྱི་སྤྱི་ཕན་སོགས་བྱ་དགའ་རིགས་བཞི་བཙུགས་ཡོད་པ་དང་བསྡོམས་པས་བརྩམས་ཆོས་3000ལྷག་བསྡུས་ཡོད་པ་རེད། 
    ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ལྷ་ས་ས་ཚིགས་སུ་འགྲེམས་སྟོན་ཟླ་10ཚེས་28ཉིན་བར་དུ་སྤེལ་རྒྱུ་ཡིན་ཞིང་། འགྲན་བསྡུར་ཆེན་པོའི་འཆར་གཞི་ལྟར་ན། ཟླ་12པར་དཔྱད་འདེམས་བྱས་འབྲས་ཡོངས་བསྒྲགས་བྱེད་རྒྱུ་རེད།༼ བོད་ལྗོངས་དྲ་བ་ལས་དྲངས། ༽
    ༄༅།།“ངའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་
ལྷ་སར་བྱེད་འགོ་བརྩམས་པ།
    ༄༅།།“ངའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་
ལྷ་སར་བྱེད་འགོ་བརྩམས་པ།
    ༄༅།།“ངའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་
ལྷ་སར་བྱེད་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།