འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི“འབུར་མཐོ་རྫོང་གི་ཡུལ་སྲོལ་གོམས་གཤིས”ཞེས་པའི་བརྙན་པར་
    འགྲེམས་སྟོན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་21ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་དང་པོའི“འབུར་མཐོ་རྫོང་གི་ཡུལ་སྲོལ་གོམས་གཤིས”ཞེས་པའི་བརྙན་པར་
འགྲེམས་སྟོན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་སྐབས་དང་པོའི“འབུར་མཐོ་རྫོང་གི་ཡུལ་སྲོལ་གོམས་གཤིས”ཞེས་པའི་བརྙན་པར་འགྲེམས་སྟོན་སི་ཁྲོན་ཞིང་ཆེན་ཚན་རྩལ་ཁང་དུ་སྤེལ་འགོ་ཚུགསཤིང་། ཐེངས་འདིའི་འགྲེམས་སྟོན་ནང་བཀྲམས་པའི་བརྙན་པར་བརྩམས་ཆོས་ཁྱོན་བསྡོམས་200ལྷག་ཙམ་ཡོད་ལ། དེས་སི་ཁྲོན་ཞིང་ཆེན་ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་འབུར་མཐོ་རྫོང་དབུ་བརྙེས་ནས་ལོ་60འཁོར་བའི་རིང་ཕྱོགས་སོ་སོའི་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་མངོན་པ་དང་། དུས་མཚུངས་སུ་འབུར་མཐོ་དབྱིས་རིགས་ཀྱི་ཨ་ཏུའུ་ས་ཁུལ་གྱི་མི་སྣ་དང་། རྒྱན་གོས། ཡུལ་སྲོལ་གོམས་གཤིས། དུས་ཆེན་བྱེད་སྒོ། བཟོ་བཀོད། རང་བྱུང་མཛེས་ལྗོངས་སོགས་ཀྱང་མངོན་ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདི་བརྙན་པར་འགྲེམས་སྟོན་དེ་ཟླ་10ཚེས་26ཉིན་བར་རྒྱུན་མཐུད་བྱེད་རྒྱུ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།སྐབས་དང་པོའི“འབུར་མཐོ་རྫོང་གི་ཡུལ་སྲོལ་གོམས་གཤིས”ཞེས་པའི་བརྙན་པར་
འགྲེམས་སྟོན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།