འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་གྱིས་བོད་རིགས་ས་ཁུལ་གྱི་འགན་ལེན་ཁང་པའི་འཛུགས་སྐྲུན་ལ་
    སྐུལ་འདེད་ཧུར་ཐག་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་20ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུན་ནན་བདེ་ཆེན་གྱིས་བོད་རིགས་ས་ཁུལ་གྱི་འགན་ལེན་ཁང་པའི་འཛུགས་སྐྲུན་ལ་
སྐུལ་འདེད་ཧུར་ཐག་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཡུན་ནན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་ལ། ཆ་སྙོམས་རྒྱ་མཚོའི་ངོས་ལས་སྨི་3300ལྷག་ཙམ་ཡོད། ཉེ་བའི་ལོ་ཤས་རིང་ས་གནས་དེ་གས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཉེ་འདབས་སུ་བདེ་ཆེན་ཁུལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁུལ་ཆུང་འཛུགས་སྐྲུན་བྱས་ཡོད། ཁུལ་ཆུང་དེར་ས་ཆ་མུའུ་200ཟིན་པ་དང་། རྣམ་གྲངས་ལ་རགས་རྩིས་བྱས་ན། མ་འཇོག་སྒོར་དུང་ཕྱུར་3.3བྱས་ཡོད་ཅིང་། ཁྱོན་འགན་ལེན་རང་བཞིན་གྱི་བདེ་སྡོད་ཁང་པ་2766ཡོད། བུ་བཅོལ་ཁང་དང་། བྱེད་སྒོ་ལྟེ་གནས། ལུས་སྦྱོང་ཡོ་བྱད། འཕྲོད་བསྟེན་ཁང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཆ་ལག་ཚང་བ་འཛུགས་སྐྲུན་བྱས་ཡོད། མིག་སྔར་ཡོང་འབབ་དམའ་བའི་མང་ཚོགས་ཁག་གཅིག་གནས་སྡོད་ཟིན་པ་དང་བདེ་སྡོད་ཀྱི་བསམ་འདུན་འགྲུབ་ཡོད་པ་རེད།
    ༄༅།།ཡུན་ནན་བདེ་ཆེན་གྱིས་བོད་རིགས་ས་ཁུལ་གྱི་འགན་ལེན་ཁང་པའི་འཛུགས་སྐྲུན་ལ་
སྐུལ་འདེད་ཧུར་ཐག་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།