འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།པའེ་སེ་ཡི“མྱུར་བགྲོད་ལྕགས་ལམ་དུས་རབས”འཆར་ཉེར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་22ཉིན་གསར་འགོད་པར་ནན་ཉིང་ལྕགས་ལམ་ཅུས་ནས་ཤེས་རྟོགས་བྱུང་བར། ནན་ཉིང་ནས་ཁུན་མིང་བར་གྱི་འགྲུལ་སྐྱེལ་ཆེད་གཏོང་ལམ་ཐིག་ནན་ཉིང་ནས་པའེ་སེ་བར་གྱི་མཉམ་འབྲེལ་སྙོམ་སྒྲིག་ཚོད་ལྟ་བྱེད་པའི་ལས་དོན་དེ་མགྱོགས་མྱུར་སྙོམས་སྒྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་ཡོད། དེའི་ནང་མྱུར་བགྲོད་ཕྱོགས་བསྡུས་ཞིབ་དཔྱད་ཚད་ལེན་མེ་འཁོར“ཧོང་དབྱི་ཧྲེང”དེ་ཟླ་10ཚེས་13ཉིན་ནན་ཉིང་ནས་ཁུན་མིང་བར་གྱི་འགྲུལ་སྐྱེལ་ཆེད་གཏོང་ལམ་ཐིག་ནན་ཉིང་ནས་པའེ་སེ་བར་གྱི་ལམ་དུམ་བུའི་ཐོག་ཆུ་ཚོད་རེར་སྤྱི་ལེ་220ཐོག་མར་བསྐྱོད་པ་དང་ཉིན་15ཡི་ནང་ཆུ་ཚོད་རེར་སྤྱི་ལེ་250ཡི་མྱུར་ཚད་བཏོད་ཡོད། ཚེས་22ཉིན་ཞིབ་དཔྱད་ཚད་ལེན་མེ་འཁོར་དེས་བསྡོམས་ཐེངས་དྲུག་བསྐྱོད་པ་དང་འབྲེལ་ཆུ་ཚོད་རེར་སྤྱི་ལེ་270ཡི་མྱུར་ཚད་བཏོད་ཡོད་པ་རེད།
         ནན་ཉིང་ནས་ཁུན་མིང་བར་གྱི་འགྲུལ་སྐྱེལ་ཆེད་གཏོང་ལམ་ཐིག(དེ་སྔ“ཡུན་ནན་ནས་ཀུའེ་ལིན་བར་གྱི་ལྕགས་ལམ”ཞེས་བརྗོད་པ)དེ་ནི་རྒྱལ་ཁབ་ཀྱི《དུས་ཡུན་འབྲིང་རིང་གི་ལྕགས་ལམ་དྲ་བའི་འཆར་འགོད་》ཀྱི་ལྕགས་ལམ་གཙོ་བོ་ཡིན་པ་དང་ཀོང་ཤིས་དང་ཡུན་ནན་ཞིང་ཆེན་གཉིས་དབར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ཡིན་ལ། ལྷོ་ནུབ་ས་ཁུལ་དབུལ་པོར་འབྲེལ་མཐུད་བྱེད་པའི་ལྕགས་ལམ་གསར་པ་ཡིན་ཞིང་། ནན་ཉིང་ནས་ཁུན་མིང་བར་གྱི་འགྲུལ་སྐྱེལ་ཆེད་གཏོང་ལམ་ཐིག་དེ་2009ལོའི་ཟླ་12པར་བསྐྲུན་འགོ་ཚུགས་པ་དང་ཤར་ནས་ཀོང་ཤིས་ནན་ཉིང་དང་ནུབ་ནས་ཡུན་ནན་ཁུན་མིང་བར་ཡིན་པར་ལམ་ཐིག་ཧྲིལ་པོར་རིང་ཚད་སྤྱི་ལེ་710ཟིན་པ་དེའི་ནང་ནན་ཉིང་ནས་པའེ་སེ་བར་གྱི་ལམ་དུམ་བུར་སྤྱི་ལེ་223ཡོད་པ་དེར་ཆུ་ཚོད་རེར་མྱུར་ཚད་མགྱོགས་ཤོས་སྤྱི་ལེ་250བཀོད་སྒྲིག་བྱས་པ་དང་ནན་ཉིང་དང་། ནན་ཉིང་ནུབ་ཚུགས། ལུང་ཨན་ཤར་ཚུགས། ཕིང་ཀུའོ། ཐེན་ཏུང་བྱང་ཚུགས། ཐན་དབྱང་། པའེ་སེ་བཅས་མེ་འཁོར་འབབ་ཚུགས་7བཙུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།