འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཆུ་བེད་བོད་སྐྱོར་ལ་མ་དངུལ་བཏང་བ་ཁྱོན་
    སྒོར་དུང་ཕྱུར་228ཟིན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 16:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་ཚུགས་ཀྱི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་བོད་ཀྱི་ཆུ་བེད་ལ་ཀྲུང་དབྱང་གི་དམིགས་བསལ་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་ཆུ་བེད་ཁ་གཏད་བོད་སྐྱོར་ལས་དོན་ཁྱོན་ཡོངས་ནས་སྤེལ་བར་འདི་ལོའི་ལོ་མཇུག་བར་མ་དངུལ་བཏང་བ་ཁྱོན་སྒོར་དུང་ཕྱུར་228ཟིན་བཟོ་ཡོད་པ་ནི“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལྡབ་3.26ཡིན་པ་དེས་བོད་ཀྱི་ཆུ་བེད་འཕེལ་རྒྱས་ལོ་རྒྱུས་ཐོག་མ་དངུལ་གཏོང་མང་ཤོས་དང་། འཛུགས་སྐྲུན་ཕན་འབྲས་ཆེ་ཤོས། ལས་རིགས་ཀྱི་ནུས་པ་ཐོན་མགྱོགས་ཤོས། ཞིང་འབྲོག་པར་ཕན་པ་ཐོབ་མང་ཤོས་ཀྱི་ལོ་5རུ་གྱུར་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་གཙོ་གནད་ཆུ་བེད་འཛུགས་སྐྲུན་བྱ་ཤུགས་མངོན་གསལ་གྱིས་མགྱོགས་སུ་སོང་ནས་གཙོ་རྐང་འདུ་འགོད་མ་ལག་རིམ་བཞིན་གྲུབ་ཅིང་། ཕུད་མདོ་ཆུ་བེད་འགག་གནད་འདུ་འགོད་སྤྱིར་ན་བསྐྲུན་ཟིན་ནས་ཕན་ནུས་ཐོན་བཞིན་ཡོད་པ་དང་། ཆུ་བྱང་ཞིང་ཆུ་འདྲེན་ཁུལ་དང་། འཕན་པོའི་ཞིང་ཆུ་འདྲེན་ཁུལ། “གཙང་པོ་གཅིག་དང་ཆུ་བོ་གཉིས”རྒྱུད་ཁུལ་གྱི་ཕྱོགས་བསྡུས་གསར་སྤེལ་བཅོས་སྐྱོང་འདུ་འགོད་ལག་ལེན་མགྱོགས་མྱུར་བསྟར་བཞིན་པ་དང་། ལ་ལྷོ་ཆུ་བེད་འགག་གནད་དང་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་འདུ་འགོད། ཡར་ཀླུང་ཆུ་མཛོད། བྲག་ཡང་ཆུ་མཛོད། ཉང་ཆུའི་ཕྱོགས་བསྡུས་བཅོས་སྒྲིག་དང་སྲུང་སྐྱོང་འདུ་འགོད་གསར་སྤེལ་འཛུགས་སྐྲུན་བྱེད་བཞིན་ཡོད་པས་བོད་ཀྱི་གཙོ་རྐང་ཆུ་བེད་སྒྲིག་བཀོད་འགན་ལེན་གྱི་ནུས་པ་སྐས་རིམ་པ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད།
         དམངས་འཚོའི་ཆུ་བེད་འཕེལ་རྒྱས་གཏོང་རྒྱུ་ཁྱོན་ཡོངས་ནས་མགྱོགས་སུ་ཕྱིན་ཏེ་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་གྱིས་ཡག་ཏུ་སོང་བ། ལོ་ལྔ་ཡི་རིང་གྲོང་གསེབ་ཀྱི་མི་འབོར་ཁྲི་74.1ལ་འཐུང་ཆུ་གཙང་མ་ཡོང་བར་བྱས་པ་དང་དགོན་སྡེ་1400ལྷག་ཙམ་ལ་ཆུ་ཁྲིད་པ། རྫོང་10ཡི་ཆུ་རྩ་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ། རྫོང་19ཡི་ཆུ་རྩ་བསྐྲུན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་15.4ཀྱི་འཐུང་ཆུའི་དཀའ་གནད་བསལ་བ་མ་ཟད། ཡར་ཀླུང་གཙང་པོ་སོགས་ཆུ་བོ་གཙོ་བོ་དང་ཆུ་ལག་འབྲིང་ཆུང་90ལ་བཅོས་སྒྲིག་བྱས་པ། རྫོང་དང་ཆུས་དང་དེ་བཞིན་གྲོང་ཁྱེར་ལ་འབྲུབ་འགོག་རྣམ་གྲངས་34ལག་ལེན་བསྟར་ནས་རྫོང་70ལ་རི་ཉིལ་བའི་གནོད་འཚེ་སྔོན་འགོག་བཅོས་སྒྲིག་གི་འདུ་འགོད་མིན་པའི་བྱ་ཐབས་སྤྱད་དེ་ཉེན་ཡོད་ཆུ་མཛོད་ཆུང་གྲས་23སྲ་བརྟན་དུ་བཏང་བ་དང་། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་150གསར་འཕར་དང་ལེགས་འགྲིག་དང་གྲོང་གསེབ་ཏུ་ཆུ་གློག་གཏོང་བའི་འཕྲུལ་ཆས་ནས་གློག་གཏོང་ཚད་ཆན་ཝ་ཁྲི་8.99གསར་འཕར་ཡོང་བ་བྱས་པ། གློག་མེད་པའི་ས་ཁུལ་གྱི་དུད་ཁྱིམ་ཁྲི་5.5དང་མི་གྲངས་ཁྲི་27ལ་གློག་མེད་པའི་དཀའ་ངལ་སེལ་ནས་གྲོང་གསེབ་ཀྱི་མི་འབོར་95%ལ་གློག་གཏོང་ཐུབ་པ་བྱས་པ་བཅས་རེད།
         དེ་དང་ཆབས་ཅིག་བོད་ཀྱི་ཆུ་བེད་སྣོད་བཅུད་ཤེས་ལྡན་འཛུགས་སྐྱོང་ལ་སྐུལ་མ་ཏན་ཏིག་བཏང་ནས་ཆུའི་ཁོར་ཡུག་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་ཐོན་པ། ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ལག་ལེན་ནན་ཏན་བསྟར་ནས་ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་545བཅོས་སྒྲིག་བྱས་པ་དང་། གཟན་རྩྭ་དང་གཟན་ཆག་འདེབས་ཡུལ་དང་རྩྭ་རར་ཆུ་འདྲེན་ཁྱོན་མུའུ་ཁྲི་9.1གསར་འཕར་ཡོང་བ་བྱས་ནས་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་ལ་སྐུལ་མ་ནུས་ལྡན་བཏང་བ་མ་ཟད། ཆུ་དང་མཚོ་མཚེའུ་ཡི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཆུ་དང་། མཚོ་མཚེའུ། ཆུ་མཛོད་བཅས་ཀྱི་ཆུ་སྤུས་ལོན་ཚད་97%ཟིན་པར་བྱས་པ་རེད།
         ཆུ་བེད་སྒྱུར་བཅོས་བྱ་རྒྱུར་གོམ་པ་གལ་ཆེན་སྤོས་ནས་ཁྲིམས་བཞིན་ཆུ་བཅོས་སྐྱོང་དང་དོ་དམ་བྱ་ནུས་ལ་ཤུགས་སྣོན་རྒྱུན་མི་ཆད་པར་བརྒྱབ་པ། གྲོང་གསེབ་ཀྱི་ཆུ་བེད་འཛུགས་སྐྲུན་ཐད་ཡིད་རྟོན་དངུལ་བུན་བཏང་ནས“ཞིང་གསུམ”གྱི་གཟིགས་སྐྱོང་སྲིད་ཇུས་དང་བོད་སྐྱོར་མ་དངུལ་དག་ཞིང་འབྲོག་ཁུལ་གྱི་ཆུ་བེད་ལ་འཁྱོག་པ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུའི་ལས་དོན་མཉམ་དུ་སྒྱུར་བཅོས་ཚོད་ལྟ་བྱེད་འགོ་བརྩམས་ཏེ་ཆུའི་སྣོད་བཅུད་ཁ་གསབ་བྱེད་ལམ་ལ་སྐུལ་མ་མགྱོགས་པོ་བཏང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་ཆུ་བེད་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་3དང་མི་གྲངས་21སྔ་རྗེས་སུ་བཏང་བ་དང་། བོད་སྐྱོར་ལས་བྱེད་པ་50དང་རིགས་གཅིག་མཁས་པ་དང་ལག་རྩལ་པ་600ལྷག་ཙམ་མངགས་པ། བོད་ཀྱི་ཆུ་བེད་ལས་བྱེད་པ་ནང་སར་མི་ཐེངས་95ལས་དོན་སྤེལ་རེས་དང་། མི་ཐེངས་900 རྟོག་ཞིབ་སློབ་སྦྱོང་། བོད་ཀྱི་ཆུ་བེད་ལས་བཟོ་མི་ཐེངས་4520གསོ་སྦྱོང་བྱས་པར་བརྟེན་ཆུ་བེད་པུའི་དུས་ཐེངས་བཅུ་གཉིས་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།