འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ལས་བརྒལ་བའི་དམག་དམངས་མཉམ་བསྲེས་
    སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་པོ་དེ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 15:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན་གྱི་སྔ་དྲོ་དམག་ཁོངས་སྨན་པའི་སློབ་ཆེན་བཞི་པའི་ཤིས་ཅིང་སྨན་ཁང་གིས་སྣེ་ཁྲིད་དེ་བསྐྲུན་པའི་ནུབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ལས་བརྒལ་བའི་དམག་དམངས་མཉམ་བསྲེས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་པོ་དེ་ཤིས་ཨན་དུ་བཙུགས་པ་དང་ཧྲའན་ཤིས་ཞིང་ཆེན་གྱི་ས་ཁུལ་དང་གྲོང་ཁྱེར་10དང་། སྨན་ཁང་137 དེ་བཞིན་ཧུའུ་ནན་ཞིང་ཆེན་དང་། ཧྲན་ཤིས་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་བཅས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་སྨན་ཁང་19བཅས་ཁྱོན་སྨན་བཅོས་སྒྲིག་གཞི་156ཐོག་མར་དེའི་ཁྲོད་ཞུགས་པ་རེད།
         མིང་རྟགས་འགོད་པའི་མཛད་སྒོའི་ཐོག་སྣེ་ཁྲིད་ཚན་པ་ཡིན་པའི་ཤིས་ཅིང་སྨན་ཁང་གིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་14ཡི་ཁོངས་མིའི་ཚབ་བྱས་ཏེ《དམག་ཁོངས་སྨན་པའི་སློབ་ཆེན་བཞི་པའི་ཤིས་ཅིང་སྨན་ཁང་གི་དམག་དམངས་མཉམ་བསྲེས་མཉམ་འབྲེལ་སྒྲིག་གཞིའི་གྲོས་མཐུན་ཡི་གེར་》མིང་རྟགས་བཀོད་པ་དང་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བས་སྨན་ཁང་དོ་དམ་དང་། ཁོའོ་དང་ཁང་འཛུགས་སྐྲུན། ལག་རྩལ་གསར་གཏོད་བཅས་ལ་ཆེད་དོན་སློབ་ཁྲིད་བྱས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་རྒྱང་ཁྲིད་ལྷན་འཛོམས་སྨན་དཔྱད་སྟེགས་བུའི་ནུས་པ་འགྲེམས་སྟོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།