འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།<<ཐང་སྟོང་རྒྱལ་པོའི་>>རྣམ་ཐར་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་ཟློས་
    གར་ཁང་དུ་འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་23ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།<<ཐང་སྟོང་རྒྱལ་པོའི་>>རྣམ་ཐར་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་ཟློས་
གར་ཁང་དུ་འཁྲབ་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། 2015ལོའི་ཟླ་10ཚེས་22ཉིན་གྱི་དགོང་མོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་རིགས་གླུ་གར་ཁང་གིས་གསར་རྩོམ་ནང་སྦྱོང་བྱས་པའི་བོད་ཀྱི་རྣམ་ཐར་ཆེ་གྲས་<<ཐང་སྟོང་རྒྱལ་པོ་>>ཞེས་པས་བོད་ཁུལ་མི་དམངས་ཀྱི་འཚམས་འདྲི་དང་སྨོན་འདུན་ཁྱེར་ནས་རྒྱལ་ས་པེ་ཅིང་དུ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཟློས་གར་མཉམ་འཛོམས་འཁྲབ་སྟོན་སྐབས་བཞི་པར་བཞུགས་ནས་ཐོག་མར་མི་རིགས་རིག་གནས་ཕོ་བྲང་གི་གླུ་གར་ཁང་དུ་འཁྲབ་སྟོན་བྱས་ཏེ་རྒྱལ་སའི་མི་དམངས་ལ་ངོ་མཚར་འགྲན་ཟླ་བྲལ་བའི་རིག་རྩལ་གསོལ་སྟོན་ཆེན་པོ་ཞིག་ཕུལ་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྒྱལ་ཡོངས་སྲིད་གྲོས་ཅིང་ཁུན་ལས་ཤག་གི་ཀྲུའུ་རེན་ལུའུ་ཀྲན་ཀོང་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཅིང་ཁུན་ལས་ཤག་གི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཟློས་གར་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་མཁན་ཝུའུ་ཅང་།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཅིང་ཁུན་ལས་ཤག་གི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་དབྱང་ཁྲེན་ཀྲི། ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁྲའེ་ཧྲེང་ཞང་སོགས་འཁྲབ་སྟོན་བྱ་ཡུལ་དངོས་སུ་ཕེབས་ཏེ་འཁྲབ་སྟོན་གཟིགས་པ་རེད།
         <<ཐང་སྟོང་རྒྱལ་པོའི་>>རྣམ་ཐར་ནི་བོད་ཀྱི་ལོ་རྒྱུས་མི་སྣ་དངོས་དང་ལོ་རྒྱུས་ཀྱི་དོན་རྐྱེན་དངོས་དེ་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་བྱས་ཏེ་བོད་ཀྱི་ལོ་རྒྱུས་ཐོག་གི་ལྕགས་ཟམ་སྐྲུན་པའི་མི་སྣ་གྲགས་ཅན་དང་། ལྷ་མོའི་སྲོལ་གཏོད་མཁན། བོད་ཀྱི་གསོ་རིག་མཁས་པ་གྲགས་ཅན་བཅས་ཡིན་པའི་ཐང་སྟོང་རྒྱལ་པོའི་མཛད་རྗེས་རླབས་པོ་ཆེ་འཁྲབ་སྟོན་བྱས་ཏེ་མདོ་དབུས་མཐོ་སྒང་དུ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དུ་འགྲོ་བའི་ལོ་རྒྱུས་དང་འཕེལ་རིམ་དང་། ལོ་ངོ་500ལྷག་སྔོན་གྱི་བོད་རྒྱ་མི་རིགས་གཉིས་བར་རིག་གནས་སྤེལ་རེས་བྱས་པའི་ལོ་རྒྱུས་མཚོན་ཏེ་བོད་རྒྱ་མི་རིགས་གཉིས་ཀྱི་མཐུན་སྒྲིལ་དང་སྤྱི་ཚོགས་ལོ་རྒྱུས་ཀྱི་སྲོལ་རྒྱུན་བཟང་པོ་ཤུགས་ཀྱིས་གསལ་པོར་བསྟན་པ་རེད།
         《ཐང་སྟོང་རྒྱལ་པོ་》ཞེས་པའི་བོད་ཀྱི་རྣམ་ཐར་འདིའི་འཁྲབ་གཞུང་རྩོམ་འབྲི་དང་ནང་སྦྱོང་ལོ་གཅིག་ལྷག་བྱས་པ་དང་། མ་དངུལ་མི་དམངས་ཤོག་སྒོར་ཁྲི་150ལྷག་བཏང་བ་དང་། ཀན་ལྷོ་ཁུལ་རིག་གནས་རླུང་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་བྱེ་བྲག་མཛུབ་སྟོན་འོག ཁུལ་བོད་རིགས་གླུ་གར་ཁང་གིས་ཁུལ་ཕྱི་ནང་གི་བོད་ཀྱི་ཟློས་གར་མཁས་པ་དང་ཡོན་ཏན་ཅན་གདན་ཞུ་གནང་སྟེ་འཁྲབ་གཞུང་ལ་བཞུགས་མོལ་དང་། བགྲོ་གླེང་། ཞུ་དག་གཏན་འབེབས་ཐེངས་མང་བྱས་པ་བརྒྱུད་གཙོ་གནད་འཁྲབ་ཚན་འདི་གསར་རྩོམ་ནང་སྦྱོང་བྱས་ཏེ་དངོས་སུ་འཁྲབ་སྟོན་བྱས་པས། ཀན་ལྷོ་ཁུལ་ཨུ་ལྷན་དང་ཁུལ་སྲིད་གཞུང་གིས་འདི་ལོའི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དང་རིག་གནས་ཐོན་ལས་ཚོགས་ཆེན་ཐོག་བཏོན་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་ཆ་རྐྱེན་བསྐྲུན་པ་དང་རྨང་གཞི་བརྟན་པོ་བཏིང་བ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】
     
    【13】  【14】  【15】  【16】  【17】
    ༄༅།།<<ཐང་སྟོང་རྒྱལ་པོའི་>>རྣམ་ཐར་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་ཟློས་
གར་ཁང་དུ་འཁྲབ་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།