འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་གྱིས་འཛམ་གླིང་ཡུལ་དེ་རང་གི་སྡོད་མིའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་24ཉིན། 12:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། པར་ཙིར་དབུས་རྒྱུད་ཀྱི་གྲོང་ཁྱེར་ཕར་མཱ་རུ་ཟླ་10ཚེས་23ནས་ཟླ་11ཚེས་1ཉིན་བར་ཡུལ་དེ་རང་གི་སྡོད་མིའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་རྒྱུ་ཡིན་ཞིང་། སྐབས་དེ་དུས་པར་ཙིར་གྱི་ཚོ་པ་24དང་རྒྱལ་ཁབ་དེ་ཕུད་པའི་རྒྱལ་ཁབ་དང་ས་ཁུལ་23གྱི་ཡུལ་དེ་རང་གི་སྡོད་མི་ཁྱོན་1800ལྷག་ཙམ་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད།
         “དེ་ནི་ཡུལ་དེ་རང་གི་སྡོད་མིའི་དབར་རིག་གནས་སྤེལ་རེས་ཀྱི་གོ་སྐབས་བཟང་པོ་ཞིག་རེད་ལ། འགྲན་བསྡུར་བྱས་པ་བརྒྱུད་ཡུལ་དེ་རང་གི་སྡོད་མི་དྲིལ་བསྒྲགས་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཀྱང་རེད”ཅེས་པར་ཙིར་ལུས་རྩལ་པུའི་པུའུ་ཀྲང་ཆའོ་ཀྲི·ཤིར་ཏུན་གྱིས་སྨྱན་སྦྱོར་ཚན་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས“འདི་ནི་འགྲན་བསྡུར་ཁོ་ན་ཙམ་མིན་པ་མ་ཟད། ད་དུང་འགྲན་ཞུགས་ཡུལ་དེ་རང་གི་སྡོད་མིས་བཟའ་བཏུང་དང་སྒྱུ་རྩལ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཁོང་ཚོའི་ཐུན་མིན་རིག་གནས་ངོམས་སྟོན་བྱ་རྒྱུ་དང་། འགྲན་ཞུགས་ཚོ་པས་ད་དུང་སྐད་སྒྱུར་བ་འཁྲིད་ཆོག་པས་ཚོ་པ་མི་འདྲ་བའི་དབར་སྤེལ་རེས་ཐུབ་ངེས་རེད”ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་འཛམ་གླིང་ཁྱབ་ཁོངས་སུ་ཡུལ་དེ་རང་གི་སྡོད་མི་ཁྱོན་དུང་ཕྱུར་3.7ཡོད་པ་དེས་གོ་ལ་ཧྲིལ་པོའི་མི་འབོར་གྱི་5%བཟུང་ཡོད། ད་ཆ་པར་ཙིར་དུ་ཚོ་པ་305ཙམ་ཡོད་པ་དང་ཡུལ་དེ་རང་གི་སྡོད་མི་ཁྲི་90ཡོད་ཅིང་། ཁོང་ཚོའི་སྐད་ཡིག་རིགས་200ལས་བརྒལ་ཡོད། 1996ལོ་ནས་བཟུང་པར་ཙིར་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཡུལ་དེ་རང་གི་སྡོད་མིའི་ལུས་རྩལ་འགྲན་ཚོགས་ཐེངས་མང་གཉེར་ཡོད་པ་དང་ད་ཆ་ཁོང་ཚོས་འགྲན་བསྡུར་དེ་གོ་ལ་ཧྲིལ་པོར་རྒྱ་སྐྱེད་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད།
         སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་འབོད་ཚིག་ནི“ད་ཆ་ང་ཚོ་ཚང་མ་ཡུལ་དེ་རང་གི་སྡོད་མི་རེད”ཅེས་པ་འདི་ཡིན་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། ལུས་རྩལ་འགྲན་ཚོགས་དེ་ལོ་བཞིར་ཐེངས་རེ་གཉེར་རྒྱུ་རེད། ཤིར་ཏུན་གྱིས་བརྗོད་པར་གཞིགས་ན། 2019ལོར་འགྲན་བསྡུར་དེ་གཉེར་འདོད་ཡོད་པའི་རྒྱལ་ཁབ་གྲས་སུ་ཕེ་རུ་དང་། མོ་ཞི་ཁོ། ཧྥི་ལི་ཕིན། ཨ་རི་སོགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།