འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།《མི་རིགས་བརྙན་པར་》ཞེས་པའི་དུས་དེབ་བཏོན་ནས་ལོ་60འཁོར་བའི་བཞུགས་མོལ་
    ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་24ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་22ཉིན་མི་རིགས་བརྙན་པར་ཁང་གིས་པེ་ཅིང་དུ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་《མི་རིགས་བརྙན་པར་》ཅེས་པ་བཏོན་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་དུས་དེབ་བཏོན་ནས་ལོ་60འཁོར་བའི་འགྲེམས་སྟོན་ཞིག་ཀྱང་གཉེར་བ་རེད།
         1955ལོའི་ཟླ་གཉིས་པར་དངོས་སུ་བཏོན་པའི་《མི་རིགས་བརྙན་པར་》ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་སྐབས་དོན་ཆབ་སྲིད་རིགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཟླ་རེའི་དུས་དེབ་ཅིག་རེད། ཙུང་ལི་ཀྲོའུ་ཨེན་ལའེ་སྐུ་ངོ་མས་དེབ་མིང་ཕྱག་བྲིས་གནང་བའི་དུས་དེབ་དེ་ནི་འཛམ་གླིང་ཐོག་གི་ཀྲུང་དབྱང་སྲིད་གཞུང་གིས་རྒྱལ་ཁབ་དེ་གའི་གྲངས་ཉུང་མི་རིགས་ལ་དམིགས་ནས་བཏོན་པའི་རྒྱལ་ཁབ་རིམ་པའི་བརྙན་པར་གཅིག་པུ་དེ་རེད། ད་བར་དུ་《མི་རིགས་བརྙན་པར་》དེ་རྒྱ་རིགས་དང་། སོག་རིགས། བོད་རིགས། ཡུ་གུར་རིགས། ཧ་སག་རིགས། ཁྲའོ་ཞན་རིགས་བཅས་ཀྱི་ཡིག་རིགས་དྲུག་གི་ཐོག་ནས་འདོན་རྒྱུ་མཐའ་འཁྱོངས་བྱས་པ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས། དེ་བཞིན་འཛམ་གླིང་ཐོག་གི་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་བཅས་སུ་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་རེད། 2013ལོར་《མི་རིགས་བརྙན་པར་》དེ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་སྤྱི་ཁྱབ་ཅུས་ཀྱིས“དུས་དེབ་ལེགས་གྲས་བརྒྱ”ཡི་གྲས་སུ་བདམས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།