འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་ནན་ཞིང་ཆེན་གྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ཚོགས་ཆེན་
    ཀྲེ་ཅང་དུ་གཟབ་རྒྱས་ངང་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཧུའུ་ནན་ཞིང་ཆེན་གྱི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་ཚེས་3ཉིན་གྱི་ཕྱི་དྲོ་རི་འགོག་དམག་འཁྲུག་རྒྱལ་ཁ་ཐོབ་ནས་རི་དམག་མགོ་འདོགས་ཞུ་ཡུལ་ཧུའེ་ཧྭ་གྲོང་ཁྱེར་ཀྲེ་ཅང་ཏུང་རིགས་རང་སྐྱོང་རྫོང་དུ་གཟབ་རྒྱས་ངང་འཚོགས་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་ལྷག་ཙམ་གྱིས་སྐར་ལྔའི་དར་དམར་གཡུག་གཡུག་བྱེད་བཞིན་དུ་དྲན་གསོའི་ཚོགས་ཆེན་ལ་ཞུགས་པ་རེད།
         དྲན་གསོའི་ཚོགས་ཆེན་ཀྲེ་ཅང་ཞི་བདེ་རིག་གནས་གླིང་རྒྱལ་ཁའི་ཐང་ཆེན་དུ་འཚོགས་ཤིང་། དྲན་གསོའི་ཚོགས་ཆེན་གྱི་ནང་དོན་རྒྱལ་གླུ་ལེན་པ་དང་། རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུ་བ། 《ཆུ་གཞུང་གི་གཞོམ་མེད་བྲག་རི། ཤ་ཁྲག་ལས་གྲུབ་པའི་ལྕགས་རི》ཞེས་པའི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པ་སོགས་ཚུད་ཡོད།
         ཀྲུང་གོ་མི་དམངས་ཀྱིས་དཔའ་མཛངས་བརྟུལ་ཕོད་ཀྱིས་ཁྲག་འདོན་དམར་འཛིང་དང་བློ་སྟོབས་ཆེན་པོས་འགོག་རྒོལ་བྱས་པ་བརྒྱུད། 1945ལོའི་ཟླ་8ཚེས་21ཉིན་རི་པིན་བཙན་འཛུལ་པ་ཧུའུ་ནན་ཀྲི་ཅང་དུ་མགོ་བཏགས་པ་དང་འབྲེལ་མགོ་འདོགས་ཞུ་ཐོའི་ཐོག་མིང་བཀོད་ཡོད། ཧུའུ་ནན་མི་དམངས་ཀྱིས་སྙིང་ནད་སངས་པའི་དུས་སྐབས་དེ་ར་སྤྲོད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།