འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།《བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བ》ཡི་དྲན་རྟེན་
    སྦྲག་འཛིན་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་01ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།《བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བ》ཡི་དྲན་རྟེན་
སྦྲག་འཛིན་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་30ཉིན་ཀྲུང་གོའི་སྦྲག་སྲིད་ཚོགས་པའི་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བར་རྗེས་དྲན་ཞུ་ཆེད་ཀྲུང་གོའི་སྦྲག་སྲིད་ཀྱིས་ཟླ་9ཚེས་1ཉིན《བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བ》ཡི་དྲན་རྟེན་སྦྲག་འཛིན་འགྲེམ་སྤེལ་བྱེད་རྒྱུ་ཡིན་ལ། སྦྲག་འཛིན་ཉར་ཚགས་བྱེད་དགའ་པོ་ཡོད་མཁན་རྣམས་ལ་མཚོན་ན་འདི་ནི་ཆེས་དགའ་འོས་པ་ཞིག་རེད། 
         གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། 《བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བ》ཡི་སྦྲགས་འཛིན་ཆ་ཚང་1ལ་སྦྲགས་འཛིན་3ཡོད་པ་དང་། སྦྲགས་འཛིན་ཀྱི་ནང་དོན་ནི་མཛེས་སྡུག་ལྡན་པའི་བོད་ལྗོངས་དང་། ཞི་མཐུན་ལྡན་པའི་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས་བཅས་ཡིན་ལ་སྦྲགས་འཛིན་ཆ་ཚང་བ་ཞིག་གི་རིན་གོང་ནི་སྒོར་3.60རེད།
      

    ཕྱོགས་བསྡུས་གསར་འགྱུར།