འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དུ་འབད་བརྩོན་བྱེད་བཞིན་པའི་བོད་རིགས་ན་གཞོན་ཚོའི་གཏམ་རྒྱུད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།པེ་ཅིང་དུ་འབད་བརྩོན་བྱེད་བཞིན་པའི་བོད་རིགས་ན་གཞོན་ཚོའི་གཏམ་རྒྱུད།
         མི་དམངས་དྲ་བའི་འཕྲིན། པེ་ཅིང་དུ་བོད་ལྗོངས་ནས་ཡོང་བའི་བོད་རིགས་ན་གཞོན་འགའ་ཡོད་དེ། ཁོང་ཚོས་མ་འོངས་པར་ལེགས་སྐྱེས་འབུལ་བའི་ཕུགས་འདུན་ཕྲག་སྟེང་དུ་ཁུར་ནས་རྒྱང་ཐག་རིང་བའི་བོད་ལྗོངས་ནས་པེ་ཅིང་དུ་ཡོང་བ་དང་། ཁོང་ཚོས་རྒྱལ་སར་སློབ་གཉེར་བྱེད་པ་དང་། འཚོ་བ་སྐྱེལ་བ། གཞིས་བཅས་པ་སོགས་ཀྱི་སྒོ་ནས་རིམ་བཞིན་དུས་ཡུན་རིང་བའི་ལོ་རྒྱུས་ལྡན་ལ་དེང་རབས་ཅན་གྱི་ཁྱད་ཆོས་ཀྱང་ལྡན་པའི་གྲོང་ཁྱེར་དུ་ཞུགས། གསར་འགོད་པས་པེ་ཅིང་དུ་འཚོ་བ་སྐྱེལ་བཞིན་པའི་བོད་ལྗོངས་ཀྱི་ན་གཞོན་གསུམ་ལ་བཅར་འདྲི་བྱས་པ་དང་། ཁོང་ཚོས་ཕུགས་འདུན་བཅངས་ཏེ་དཀའ་སྤྱད་འབད་བརྩོན་བྱས་པའི་ལང་ཚོའི་གཏམ་བརྒྱུད་བརྗོད་པ་རེད། 
         གངས་ལྗོངས་སྒྲོལ་མ།  ཕྱོགས་བཞིར་ཁང་པ་ཡོད་པའི་ར་སྐོར་ནང་དུ་བོད་ཡིག་སློབ་སྦྱོང་འཛིན་གྲྭ་བཙུགས་ནས་རྒྱ་བོད་བར་གྱི་འབྲེལ་ཟམ་བྱེད་འདོད་པ།
    གངས་ལྗོངས་སྒྲོལ་མ་ནི་1992ལོར་སྐྱེས་ཤིང་།  ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་སློབ་རིམ་བཞི་པའི་སློབ་མ་ཡིན། མོའི་ཕ་ནི་སི་ཁྲོན་ཁམས་པའི་བོད་རིགས་ཡིན་ལ་མ་ནི་རྒྱ་རིགས་ཡིན། ཆུང་དུས་ནས་ལྷ་ས་རུ་འཚོ་བ་བསྐྱལ་ལ་ནས་ནར་སོན་པ་དང་། 2011ལོའི་དབྱར་ཁར་མཐོ་རྒྱུགས་ལ་ཞུགས་ནས་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་རྒྱལ་སྤྱིའི་དཔལ་འབྱོར་བཅའ་ཁྲིམས་ཆེད་ལས་ལ་རྒྱུགས་འཕྲོད་པས་དུས་དེ་ནས་བཟུང་པེ་ཅིང་དང་ལས་ཐག་དམ་པོར་སྦྲེལ་བ་རེད།
         སྒྲོལ་མས་ངོ་སྤྲོད་བྱས་པ་ལྟར་ན།  བོད་ཡིག་སློབ་སྦྱོང་འཛིན་གྲྭ་འཛུགས་པ་ནི་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་སའི་ལས་སྟེགས་ཤིག་མཁོ་འདོན་བྱེད་དགོས་བསམ་པ་ཡིན་ལ།  བོད་ཡིག་འཛིན་གྲྭའི་སློབ་མ་མང་ཆེ་བ་ནི་བོད་རིག་པ་དང་བོད་ཀྱི་རིག་གནས་ལ་དགའ་བ་དང་ཡང་ན་ཞིབ་འཇུག་བྱས་མྱོང་མཁན་དག་ཡིན་ཞིང་། ལ་ལ་ནི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་དང་། ལ་ལ་ནི་བོད་ཀྱི་རིག་གནས་ཞིབ་འཇུག་ཆེད་ལས་སུ་གཉེར་མཁན་ཡིན།   ཁོངཚོའི་ཁྲོད་དུ་ཀྲུང་གོ་བཡོད་པ་མ་ཟད་ཕྱི་གླིང་པའང་ཡོད།  མིག་སྔར་བོད་ཡིག་འཛིན་གྲྭ་ནི་འཛིན་གྲྭ་ཆུང་བའི་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་སློབ་དུས་གསུམ་པ་ཡིན་པ་དང་། སློབ་མ་5ནས་6བར་ཡོད།  ཐོག་མ་སློབ་དུས་དང་པོ་འགོ་བརྩམས་པའི་དུས་སུ། སྒྲོལ་མས་གཙོ་བོར་སློབ་གྲྭའི་དགེ་རྒན་དང་འགོ་ཁྲིད། རང་གི་སློབ་གྲོགས་དང་གྲོགས་པོ་རྣམས་ཀྱིས་རོགས་རམ་དང་དྲིལ་བསྒྲགས་བྱེད་པར་བརྟེན་པ་དང་། རྗེས་མར་གཅིག་གིས་གཅིག་ལ་བརྒྱུད་ནས་རང་འགུལ་གྱིས་བོད་ཡིག་འཛིན་གྲྭར་སློབ་སྦྱོང་བྱེད་པར་ཡོང་མཁན་ཇེ་མང་དུ་སོང་བ་རེད།
         སྒྲོལ་མ་ནི་པེ་ཅིང་དུ་མྱོང་བ་ཕུན་སུམ་ཚོགས་པ་ཡོད་པ་ཞིག་ཡིན་ཞིང་།  ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་དུ་སློབ་སྦྱོང་ལོ་བཞི་བྱེད་རིང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་མྱོང་ལ་སྲོག་ཤིང་གི་དུས་དེབ་སྟེང་དུ་དཔྱད་རྩོམ་ཡང་བཀོད་མྱོང་བ་མ་ཟད།  སློབ་མ་ཕུལ་བྱུང་ཅན་གྱི་འཐུས་ཚབ་བྱས་ནས་ཞང་ཀང་རྒྱ་ཡིག་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་ཡང་འགྲོ་མྱོང་།  ད་ལྟ་མོ་རང་གིས་རང་ཉིད་ཀྱི་ཀུང་སི་དང་པོ་བཙུགས་ཡོད་པ་རེད།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།