འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སུང་རྒྱལ་རབས་དུས་སྐབས་ཀྱི་མདོ་དབུས་མཐོ་སྒང་།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་01ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སུང་རྒྱལ་རབས་དུས་སྐབས་ཀྱི་མདོ་དབུས་མཐོ་སྒང་།
         དུས་རབས་དགུ་པའི་དུས་མཇུག་ཏུ་བོད་བཙན་པོ་རྒྱལ་རབས་ཁ་ཐོར་དུ་གྱུར་ནས་མངའ་རིས་གུ་གེ་རྒྱལ་རབས་གཙོ་བྱས་པའི་ཚོ་བ་མང་པོས་རང་ཉིད་ཀྱི་སྲིད་དབང་བཙུགས་ཏེ་ཆེ་ཆུང་མི་གཅིག་པའི་ས་གནས་བཅད་བཟུང་གི་སྲིད་དབང་མང་པོ་ཞིག་ཆགས་པས། མདོ་དབུས་མཐོ་སྒང་དེ་ཉིད་དུས་རབས་བཞིའི་རིང་ཁ་ཐོར་གྱི་དུས་སྐབས་བྱུང་། སྐབས་འདིར་མེས་རྒྱལ་ནང་སར་ཡང་རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུ། སུང་རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་སྐབས་བྱུང་ཞིང་། ཆབ་སྲིད་ཀྱི་གནས་བབ་བརྟན་ལྷིང་མིན་པར་དབུས་རྒྱུས་ས་ཁུལ་ལའང་སྲིད་དབང་སྟོབས་ཆེན་དང་གཅིག་གྱུར་ཞིག་བྱུང་མེད་པས། བོད་བཙན་པོའི་ས་གནས་ཀྱི་སྲིད་དབང་ཁ་ཐོར་ཚོ་དང་ནང་སའི་བར་གྱི་འབྲེལ་བ་མང་པོ་མེད་པར་གྱུར། འོན་ཀྱང་ཙོང་ཆུའི་འབབ་རྒྱུད་དང་ཁམས་ཕྱོགས་སུ་གནས་པའི་བོད་ཀྱི་ཚོ་བ་ཁག་དང་ནང་སའི་དབུས་རྒྱུད་རྒྱལ་རབས་བར་གྱི་འབྲེལ་བ་རྒྱུན་མ་ཆད་པར་ཡོད།(པར་ལེན་མཁན། ཞུས་ནཱ།)
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།སུང་རྒྱལ་རབས་དུས་སྐབས་ཀྱི་མདོ་དབུས་མཐོ་སྒང་།
      

    ཕྱོགས་བསྡུས་གསར་འགྱུར།