འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་གྲུབ་འབྲས་འགྲེམས་སྟོན་
    པེ་ཅིང་དུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་གྲུབ་འབྲས་འགྲེམས་སྟོན་
པེ་ཅིང་དུ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི“མཛེས་སྡུག་གི་རྔ་པ·པེ་ཅིང་ནས་ལྷན་འཛོམས”ཞེས་པའི་གྲུབ་འབྲས་འགྲེམས་སྟོན་དེ་ཟླ་9ཚེས་4ཉིན་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་འགོ་ཚུགས་པ་རེད།
         འགྲེམས་སྟོན་ལ་མདུན་ཚོམས་དང་། དཀྱིལ་ཚོམས། ཤར་ཚོམས། ནུབ་ཚོམས་བཅས་4ཡོད་པ་དང་། རྔ་པའི་ས་བབ་མདོར་བསྡུས་དང་། དཔལ་འབྱོར་འཛུགས་སྐྱོང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཆ་ནས་རྔ་པ་ཀྲོའུ་བཙུགས་ནས་ལོ་60འཁོར་རིང་གི་འཛུགས་སྐྲུན་དང་། སྒྱུར་བཅོས། འཕེལ་རྒྱས་བཅས་ཀྱི་བརྒྱུད་རིམ་ཁག་སོ་སོར་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་ཤིང་། འགྲེམས་སྟོན་དུས་ཡུན་ཟླ་9ཚེས་10ཉིན་བར་བྱ་རྒྱུ་རེད།
         “ཀྲུང་གོ་མི་རིགས་རང་སྐྱོང་ཀྲོའུ་ཡི་གྲུབ་འབྲས་འགྲེམས་སྟོན”གྱི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་པའི་ཆ་ནས་ད་རེས་ཀྱི་འགྲེམས་སྟོན་ནང་པར་རིས་དང་། སྒྲ་བརྙན། ཡིག་ཚགས་དཔྱད་ཡིག་བཅས་འབོར་ཆེན་འགྲེམས་སྟོན་བྱས་པ་མ་ཟད། ད་དུང་ཆའང་རིགས་ལག་ཤེས་བཟོ་རྩལ་པ་འགྲེམས་ཚོམས་སུ་གདན་དྲངས་ཏེ་མངོན་མིན་རིག་གནས་ཤུལ་བཞག་དངོས་སུ་འགྲེམས་སྟོན་བྱས་པས་ལྟད་མོ་བས་ཆའང་རིགས་ཀྱི་དངུལ་རྒྱན་བཟོ་ཚུལ་དང་། ཆའང་རིགས་ཀྱི་འཚེམ་དྲུབ། ཆའང་རིགས་ཀྱི་རྡོ་བརྐོས་དང་ཇའི་སྒྱུ་རྩལ་ལ་ཐག་ཉེ་ས་ནས་བལྟ་ཐུབ་པར་གྱུར་ཡོད།
         གཞན་ཡང་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་མ་འཇོག་གསལ་བཤད་ཚོགས་འདུ་དང་རྣམ་གྲངས་མིང་འགོད་མཛད་སྒོ་ཡང་དུས་མཉམ་དུ་གཉེར་ནས་པེ་ཅིང་དང་ཐེན་ཅིན་སོགས་ཀྱི་ཚོང་པ་མཐུན་ཚོགས་180དང་ཁེ་ལས་ཀྱི་འཐུས་མིའི་ཡིད་དབང་འཕྲོག་ནས་དེའི་ནང་ཞུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྔ་པ་ཀྲོའུ་ཡིས་གཙོ་གནད་ཐོག་མ་འཇོག་རྣམ་གྲངས་48བཏོན་པ་རེད། ད་རེས་བདེ་བླག་ངང་མིང་འགོད་བྱས་པའི་རྣམ་གྲངས་ལ་རྔ་པ་ཀྲོའུ་མི་དམངས་སྲིད་གཞུང་དང་ཧྭ་རུན(རླུང་གློག)གསར་སྤེལ་ཚད་ཡོད་ཀུང་སིས་གན་རྒྱ་བཞག་པའི་ནུས་རྒྱུ་གསར་པའི་གསར་སྤེལ་རྣམ་གྲངས་དང་། བཙན་ལྷ་རྫོང་མི་དམངས་སྲིད་གཞུང་གིས་ཀྲུང་ཧོ་དབྱིན་ལི་ནུས་རྒྱུ་གསར་པ་མ་འཇོག་ཚད་ཡོད་ཀུང་སི་དབར་གན་རྒྱ་བཞག་པའི་འོད་ཧྥུའུ་གློག་འདོན་རྣམ་གྲངས་སོགས་སྤྱིའི་མ་འཇོག་སྒོར་དུང་ཕྱུར་284ཟིན་ཡོད་པ་རེད།
         རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་སུ་གནས་པ་དང་། སྤྱིའི་མི་འབོར་ཁྲི་92ཡོད་པའི་ནང་བོད་རིགས་ཀྱིས་57.3%དང་ཆའང་རིགས་ཀྱིས་18.6%ཟིན་ཡོད། རྔ་པ་ཀྲོའུ་ཡི་མངའ་ཁོངས་སུ་གཙང་པོ་530ལྷག་ཡོད་པ་དང་ཆུ་ནུས་གསོག་ཉར་བྱེད་ཚད་ཆན་ཝ་ཁྲི་1933ཟིན་ལ་དེ་ནི་རྒྱལ་ཡོངས་སུ་ལག་བསྟར་བྱེད་པའི“ནུབ་གློག་ཤར་འདྲེན”གྱི་ནུས་རྒྱུ་འཐབ་ཇུས་ཀྱི་ཆུ་གློག་རྟེན་གཞིའི་གྲས་ཤིག་ཡིན། ཀྲོའུ་བཙུགས་ནས་ལོ་60ལྷག་གི་རིང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1952ལོའི་སྒོར་ཁྲི་2400ནས་2014ལོའི་སྒོར་དུང་ཕྱུར་248ལ་འཕར་བ་རེད།
    ༄༅།།སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་གྲུབ་འབྲས་འགྲེམས་སྟོན་
པེ་ཅིང་དུ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།