འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་གིས་སློབ་ཆེན་སློབ་མའི་ལས་གཏོད་རྣམ་
    གྲངས་ཐོག་མར་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་གིས་སློབ་ཆེན་སློབ་མའི་ལས་གཏོད་རྣམ་གྲངས་འཆར་གཞི་ཐོག་མ་བདེ་བླག་ངང་སྤེལ་བ་དང་། འབྲེལ་ཡོད་སྡེ་ཚན་གྱིས་འོས་སྦྱོར་ནན་ཏན་བྱས་པ། སློབ་གླིང་གི་ལས་ཞུགས་ཁྲུའུ་ཡི་རིགས་གཅིག་མཁས་པའི་ཚོགས་ཆུང་གིས་དཔྱད་ཞིབ་ཐེངས་མང་བྱས་པ་བརྒྱུད་སློབ་གྲྭ་རིམ་པའི་སློབ་ཆེན་སློབ་མའི་ལས་གཏོད་རྣམ་གྲངས་12བདམས་ཏེ་རྣམ་གྲངས་བཙུགས་ནས་རོགས་སྐྱོར་བྱ་རྒྱུ་ཡིན་པར་ཁྱོན་སྒོར་ཁྲི་7.1ཟིན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་བྱ་བར་རྣམ་གྲངས་བཙུགས་ནས་མ་དངུལ་གཏོང་བ་དེས་རྣམ་གྲངས་ལག་ལེན་ཁྲོད་སློབ་ཆེན་སློབ་མ་ཡོངས་ལ་ཤེས་བྱ་ངོ་མ་ཐོབ་རྒྱུ་དང་ཕྱོགས་བསྡུས་ཀྱི་ནུས་པ་དང་་། འཇོན་ནུས། ལས་ཞུགས་ལས་གཏོད་ཀྱི་འདུ་ཤེས་ཟབ་ཏུ་དང་ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་མ་ཐེབས་ནུས་ཆེ་རུ་སོང་ནས་མཐར་ལས་ཞུགས་ཐུབ་རྒྱུར་རྨང་གཞི་བརྟན་དུ་འགྲོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།