འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་གྱིས་སློབ་གསོ་སྤུས་ལེགས་གཉེར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་གསོའི་ཁོངས་གཏོགས་ཀྱིས་འཕེལ་རྒྱས་ཀྱི་ལས་འགན་དང་པོར་སྟངས་འཛིན་དམ་པོ་བྱས་པ་དང་། སློབ་གསོའི་སྒྱུར་བཅོས་དང་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ངོ་མར་ཞིབ་འཇུག་ཏན་ཏིག་བྱས་ནས་ཐག་གཅོད་བྱས་པ། སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་བ། སློབ་གསོའི་ཆ་འཕྲིན་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་བཅས་བྱས་པ་རེད།
         ད་ལོ་ནས་བཟུང་གྲོང་ཁྱེར་དེ་གའི་སློབ་གསོ་སྡེ་ཚན་གྱིས་སློབ་གསོའི་གཙོ་གནད་རྣམ་གྲངས་འཛུགས་སྐྱོང་དང་སློབ་གསོ་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་ཉི་ཧྲི་ཆ་ཚང་སློབ་ཆུང་དང་། དར་དམར་སློབ་ཆུང་། ཝུའུ་ཅིང་ཆ་ཚང་སློབ་ཆུང་། ན་ཁྲི་ཐང་སློབ་ཆུང་སོགས་སློབ་གྲྭའི་སློབ་མའི་ཉལ་ཁང་དང་ཟ་ཁང་གི་འཛུགས་སྐྲུན་རྣམ་གྲངས་དང་དེ་བཞིན་སློབ་ཁྲིད་ཕྱོགས་བསྡུས་ཐོག་རྩེག་ཁང་པའི་རྒྱན་སྤྲས་ལ་སྐུལ་སྤེལ་ཏན་ཏིག་བྱས་པ་དང་། སློབ་གྲྭའི་ཆུ་སྤྱོད་དང་དེ་བཞིན་སློབ་མའི་འཐུང་ཆུའི་བདེ་འཇགས་ལས་གྲྭ་ལག་བསྟར་བྱེད་འགོ་བཙུགས་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་གསོ་ལྟེ་གནས་ཀྱི་རྩིས་རྒྱག་འཕྲུལ་འཁོར་ཁང་དང་། སློབ་གསོའི་གྲོང་ཁོངས་ཀྱི་དྲ་བ། སློབ་གསོའི་ཐོན་ཁུངས་མཛོད། རིག་ནུས་རྣམ་པའི་སེམས་ཁམས་བདེ་ཐང་བློ་འདྲི་ལྟེ་གནས་བཅས་བསྐྲུན་པ་མ་ཟད། རྩིས་རྒྱག་འཕྲུལ་འཁོར་སློབ་ཁང་3དང་། ཁྱོན་ཡོངས་རང་འགུལ་གྱི་གསལ་དྭངས་ཕབ་གཏོང་སློབ་ཁང་1ཆ་འཕྲིན་ཅན་གྱི་སློབ་ཁང་180བཅས་བསྐྲུན་ནས་གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གསོ་ཆ་འཕྲིན་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་རེད། 2015ལོའི་སློབ་གྲྭ་འབྲིང་ཆུང་(བུ་བཅོལ་ཁང)གི་དགེ་རྒན་ལས་འགན་ལག་བསྟར་གྱི་རིམ་འཕར་གསོ་སྦྱོང་མིང་འགོད་དང་གྲ་སྒྲིག་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། རྒྱུགས་སྤྲོད་སློབ་བསྡུའི་མིང་འགོད་ལས་དོན་ཁག་ཧུར་ཐག་ངང་ཡག་པོར་བསྒྲུབས་པ་དང་2015ལོར་འབྲིང་རྒྱུགས་སྤྲོད་མཁན་སློབ་མ་རྒྱུགས་སྤྲོད་མིང་ཐོ་འགོད་མཁན་2001ཡོད་པ་རེད།
         སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་སྲོལ་རྒྱུན་གཏན་སྲུང་སྐྱོང་བྱེད་པ། སློབ་གྲྭར་བདེ་འཇགས་ཀྱི་འགན་འཁྲིའི་ལས་འཛོལ་གཏན་འགོག་བྱེད་པ་བཅས་བྱ་ཆེད། གྲོང་ཁྱེར་དེའི་སློབ་གསོ་ཅུས་ཀྱིས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་དབར་བདེ་འཇགས་ལས་དོན་གྱི་དམིགས་ཚད་འགན་འཁྲི་ཡི་གེ་22བཞག་པ་མ་ཟད། ཆེད་དོན་ཞིབ་བཤེར་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་དུས་ངེས་མེད་ཐོག་གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་ཟ་ཁང་དང་སྡོད་ཁང་དང་། མེ་ཟོན། འགྲིམ་འགྲུལ། བདེ་འཇགས། འབྲུབ་འགོག ཆུ་སྤྱོད་གློག་སྤྱོད་སོགས་ཐད་ཀྱི་བདེ་འཇགས་ལས་དོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ཡང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།