འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་འཕྲིན་གཏོང་ཆ་འཕྲིན་དུས་རབས་གསར་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    བྱིས་པ་ཚོས་སྤྲོ་སྣང་ལྡན་པའི་ངང་ལག་ཁྱེར་ཁ་པར་རྩེ་བཞིན་པ།
    བྱིས་པ་ཚོས་སྤྲོ་སྣང་ལྡན་པའི་ངང་ལག་ཁྱེར་ཁ་པར་རྩེ་བཞིན་པ།
         བོད་ལྗོངས་ཀྱི་སྒུལ་བདེ་ཁ་པར་གྱི་ལས་སྒོ་ནི་1993ལོའི་ཟླ་8པ་ནས་གཉེར་འགོ་ཚུགས་ཤིང་། སྐབས་དེ་དུས་ཁ་པར་རང་འགུལ་མཐུད་ཆས་ཀྱི་ཤོང་ཚད་སྤྱོད་མཁན་4500ཙམ་ཡིན་པ་དང་། སྒུལ་བདེ་འཕྲིན་གཏོང་སྦྲེལ་ཚུགས་གཅིག་ལས་མེད་པ་རེད། 2000ལོ་ཡས་མས་སུ་ཀྲུང་གོའི་སྒུལ་བདེ་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི་དང་། ཀྲུང་གོའི་གློག་འཕྲིན་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཀྲུང་གོའི་འབྲེལ་འཕྲིན་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི་བཅས་སྔ་རྗེས་སུ་བཙུགས་པ་དང་། 2004ལོར་བོད་ལྗོངས་ཀྱི་ཤང་ཚང་མར་ཁ་པར་ཤར་གཏོང་ཐུབ་པར་གྱུར་པ། 2009ལོར་བོད་ལྗོངས་མེ་ཏོག་རྫོང་དུ་འོད་འཁྲིད་ཚི་སྐུད་ཤར་གཏོང་ཐུབ་པས་རང་རྒྱལ་གྱི་རྫོང་ཚང་མར་འོད་འཁྲིད་ཚི་སྐུད་ཤར་གཏོང་ཐུབ་པ། 2010ལོར་བོད་ལྗོངས་ཉི་མ་རྫོང་གི་གཡང་ལུང་ཆུ་འབབ་གྲོང་ཚོར་ཁ་པར་ཤར་གཏོང་ཐུབ་པ་དང་ཆབས་ཅིག་བོད་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ་ཡོངས་སུ་ཁ་པར་ཤར་གཏོང་ཐུབ་པ། 2011ལོར་བོད་ལྗོངས་ཀྱི་ཤང་ཚང་མར་གཤོང་ཆེ་དྲ་རྒྱ་ཤར་གཏོང་ཐུབ་པ་བཅས་མངོན་འགྱུར་བྱུང་བ་རེད།
         ལོ་20ལྷག་རིང་གི་འཕེལ་རྒྱས་བྱུང་བ་བརྒྱུད། མིག་སྔའི་བར་དུ་བོད་ལྗོངས་ཡོངས་ཀྱི་འོད་འཁྲིད་ཚི་སྐུད་ཀྱི་རིང་ཚད་ལ་སྤྱི་ལེ་ཁྲི་9.7ཟིན་ཞིང་། རྫོང་(ཆུས་)74དང་ཤང་གྲོང་668ལ་འོད་འཁྲིད་ཚི་སྐུད་ཁྱབ་ཡོད་ལ། ཤང་གྲོང་དུ་འོད་འཁྲིད་ཚི་སྐུད་ཁྱབ་ཚད་97.8%ཟིན་པས། སྲིད་འཛིན་གྲོང་ཚོ་5261ལ་སྒུལ་བདེ་འཕྲིན་གཏོང་གི་བརྡ་རྟགས་ཁྱབ་པ་མངོན་འགྱུར་བྱུང་ཡོད། འཕྲིན་སྦྲེལ་དྲ་བ་སྤྱོད་མཁན་ཁྲི་147ཟིན་ཞིང་། དེའི་ཁྱབ་ཚད་37.4%ཟིན་པ་དང་། ཁ་པར་སྤྱོད་མཁན་ཁྲི་327.7ཟིན་ཞིང་། ཁྱབ་ཚད་ནི་མི་བརྒྱ་རེ་ཡིས་ཁ་པར་106.6བཀོལ་སྤྱོད་བྱེད་པར་གྱུར་པས། ད་སྐབས་ཀྱི་བོད་ལྗོངས་ནི་འཁོར་སྐར་དང་། འོད་འཁྲིད་ཚི་སྐུད། དྲ་རྒྱ། ཆ་འཕྲིན་བཅས་ཀྱི་དུས་རབས་གསར་པར་བསྐྱོད་པ་རེད།
    2007ལོའི་ཟླ་11ཚེས་13ཉིན་ཀྲུང་གོའི་སྒུལ་བདེ་ཀུང་སིས་ཇོ་རི་སྟེང་དུ་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་འཕྲིན་གཏོང་བརྡ་རྟགས་སྦྲེལ་ཚུགས་བསྐྲུན་པ།
    2007ལོའི་ཟླ་11ཚེས་13ཉིན་ཀྲུང་གོའི་སྒུལ་བདེ་ཀུང་སིས་ཇོ་རི་སྟེང་དུ་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་འཕྲིན་གཏོང་བརྡ་རྟགས་སྦྲེལ་ཚུགས་བསྐྲུན་པ།
    བཟོ་པ་ཚོས་འཕྲིན་གཏོང་བརྡ་རྟགས་སྦྲེལ་ཚུགས་འཛུགས་སྐྲུན་བྱེད་བཞིན་པ།
    བཟོ་པ་ཚོས་འཕྲིན་གཏོང་བརྡ་རྟགས་སྦྲེལ་ཚུགས་འཛུགས་སྐྲུན་བྱེད་བཞིན་པ།
    འབྲོག་པས་འཕྲིན་གཏོང་ལས་སྒོའི་འགྲོ་ལུགས་འགྲིམ་བཞིན་པ།
    འབྲོག་པས་འཕྲིན་གཏོང་ལས་སྒོའི་འགྲོ་ལུགས་འགྲིམ་བཞིན་པ།
    ལག་ཁྱེར་ཁ་པར་བཀོལ་བས་སྤྲོ་བ་འཕེལ་བ།
    ལག་ཁྱེར་ཁ་པར་བཀོལ་བས་སྤྲོ་བ་འཕེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།