འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་དར་རྒུད་སྐོར།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         བོད་ལ་སྨན་དུ་འགྲོ་བའི་རྣམ་པར་བཀྲ་བའི་མེ་ཏོག་འདབ་བརྒྱད་བྱས་པ་ཞིག་ཡོད་པར་ཕྱི་ནས་ཡོང་བའི་ཡུལ་སྐོར་བས་སྐལ་བཟང་མེ་ཏོག་ཏུ་ལོག་པར་ངོས་འཛིན་བྱེད་ཀྱི་ཡོད། དོན་དམ་པར་མེ་ཏོག་དེའི་མིང་ལ་ཀྲང་ཏ་རིན་ཞེས་འབོད་ཀྱི་ཡོད། གང་ལགས་ཤེ་ན། དེ་ནི་མང་ཚོགས་ཀྱིས་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཀྲང་དབྱིན་ཐང་ལ་དྲན་གསོ་བྱ་ཆེད། བཏགས་པ་ཞིག་རེད།
         1960ལོར་ཆིང་སྲིད་གཞུང་གི་ཨམ་བན་ཀྲང་དབྱིན་ཐང་བོད་ལ་ཡོང་ནས་ལས་དོན་མཐའ་དག་སོ་སོས་ཐག་གཅོད་བྱེད་པ་དང་། བོད་ཀྱི་འགོ་པ་དང་ས་གནས་སྲིད་གཞུང་གི་དཔོན་རིགས་དང་དགོན་སྡེའི་བླ་མ་དང་མཉམ་དུ་གྲོས་བྱས་ནས་《བོད་ཀྱི་ལས་དོན་བྱེད་ཕྱོགས་དོན་ཚན་ཉེར་དགུ་》གཏན་ལ་ཕབ་སྟེ། བོད་ཀྱི་དཔོན་གནས་ལམ་ལུགས་རྙིང་པ་དང་། དོན་གཅོད་སྒྲིག་གཞི། དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས། སློབ་གསོ་རིག་གནས་སོགས་ཐད་ལ་སྒྱུར་བཅོས་བྱས་པར་བོད་ཀྱི་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད།
         བོད་ཀྱི་ལྷ་ལྡན་གཙུག་ལག་ཁང་འགྲམ་གྱི་བར་སྐོར་བྱང་ལམ་དུ་བོད་བཟོའི་ཁང་པ་སུམ་ཐོག་སྒོ་ར་ཅན་སྤྱིར་བཏང་ཞིག་ཡོད་པ་དེར་དུས་རབས་གཉིས་ཙམ་གྱི་ལོ་རྒྱུས་ལྡན། དེ་ནི་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་གྱི་གཞུང་ལས་ཁང་ཡིན། དེར་ཀྲང་དབྱིན་ཐང་དང་འདྲ་བའི་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་སྔ་ཕྱིར་བསྡོམས་བརྒྱ་ལྷག་ཙམ་གྱིས་གཞུང་དོན་བསྒྲུབས་ཡོད།
         གཡུང་ཀྲེང་ཁྲི་ལོ་ལྔ་པའི་(1727ལོ)སྐབས་ཆིང་སྲིད་གཞུང་གི་ནང་སྲིད་ཞུའེ་ཧྲེ་སེན་ཀེ་དང་ཏོའུ་ཏུའུ་གཞོན་པ་མཱ་ལ་གཉིས་བོད་ལ་ཡོང་ནས་བོད་ཀྱི་ལས་དོན་སྤྱི་ཡོངས་ནས་སྟངས་འཛིན་བྱས་ཤིང་། དེ་ནས་བཟུང་དུས་རབས་གཉིས་ལ་ཉེ་བའི་ནང་བོད་སྡོད་ཨམ་བན་གྱི་ལམ་ལུགས་འགོ་ཚུགས་ཡོད། དེ་རྗེས་ཀྱི་ལོ་185ཡི་ནང་བོད་སྡོད་ཨམ་བན་138བོད་ལ་ལས་དོན་སྒྲུབ་པར་ཡོང་ཞིང་། དེ་ནི་ཁྱིམ་ཚང་གཅིག་ལྟར་བོད་རྒྱ་མཐུན་སྒྲིལ་གྱི་འབྲེལ་བའི་འབྱུང་གནས་ཡིན་ལ་བོད་དང་མེས་རྒྱལ་ནང་སའི་དབར་ཤ་རུས་འབྲེལ་བའི་དན་རྟགས་རྙིང་པ་ཞིག་ཀྱང་ཡིན་པ་དངོས་ར་འཕྲོད་ཡོད།
         སྒོ་རའི་ནང་གི་རྡོ་སྐས་རིམ་བཞིན་འཛེགས་ནས་ཐོག་སོ་གཉིས་པའི་ཚོམས་ཆེན་ནང་སྐྱོད་སྐབས། མིག་ལམ་དུ་མངོན་པ་ནི་ཐང་སུང་ཡོན་མིང་རྒྱལ་རབས་བཞིའི་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་བདག་སྐྱོང་བྱས་ཚུལ་འཁོད་ཡོད། ཐོག་སོ་གསུམ་པར་སྐབས་དེ་དུས་ཀྱི་བོད་སྡོད་ཨམ་བན་ཡ་མོན་གྱི་དེབ་ཁང་དང་། ཁྲིམས་ར། གྲོས་ཞིབ་ཁང་བཅས་བསྐྱར་གསོ་བྱས་ཡོད་པ་ལས་སྐབས་དེའི་གནས་ཚུལ་ལ་ཕྱིར་ལོག་བྱས་པ་ལྟར་སྣང་བས་ལོ་རྒྱུས་ཀྱི་འཕོ་འགྱུར་ཟབ་མོའི་ཚོར་སྣང་ཞིག་ངང་གིས་སྦྱིན།
         “བོད་འདི་ཉིད་གནའ་སྔ་མོ་ནས་ཀྲུང་གོའི་མངའ་ཁོངས་ས་ཆའི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། རྒྱལ་རབས་རིམ་བྱུང་ཚང་མས་བོད་ལ་བདག་དབང་ནུས་ལྡན་ངང་བཟུང་ཡོད། བོད་སྡོད་ཨམ་བན་ཡ་མོན་གྱི་ལོ་རྒྱུས་དང་དོན་དངོས་ཀྱི་དཔང་རྟགས་ལས་ཆིང་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་བདག་དབང་བཟུང་བ་ར་སྤྲོད་བྱས་ཡོད”ཅེས་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་དྲིལ་བསྒྲགས་པ་ཐན་ཧུང་ཡན་གྱིས་དེ་ལྟར་བཤད།
         ལྷ་ལྡན་གཙུག་ལག་ཁང་གི་ཉེ་འཁོར་དུ་འགྱིང་ངེར་གནས་པའི་བོད་སྡོད་ཨམ་བན་ཡ་མོན་དེ་ནི་ནམ་ཡང་གནས་པའི་རྡོ་རིང་ཞིག་དང་འདྲ་བར་བོད་འདི་ཉིད་གནའ་སྔ་མོ་ནས་ཀྲུང་གོའི་ཁ་བྲལ་དུ་མི་རུང་བའི་མངའ་ཁོངས་ས་ཆ་ཞིག་ཡིན་པ་བརྗོད་བཞིན་ཡོད། དུས་ཚོད་སྐད་ཅིག་ངང་འདས་ཀྱང་ལོ་རྒྱུས་ནི་མི་རང་ག་བའི་བསམ་བློས་སྒྱུར་ཐུབ་པ་ཞིག་མིན་པས་འདི་ཉིད་ས་གཞིའི་ཐོག་གི་མཚོན་རྟགས་ཟབ་མོ་ཞིག་ཏུ་གྱུར་ལ་མི་རྣམས་ཀྱི་སེམས་སུ་བརྗེད་པར་དཀའ་བ་ཞིག་ཏུའང་གྱུར།
      

    ཕྱོགས་བསྡུས་གསར་འགྱུར།