འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཏ་ཡུན་དགོན་གྱིས་སྟོན་པའི་རིང་བསྲེལ་བཞི་ཚུར་གདན་འདྲེན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀན་སུའུ་ཏ་ཡུན་དགོན་གྱིས་སྟོན་པའི་རིང་བསྲེལ་བཞི་ཚུར་གདན་འདྲེན་ཞུས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན་ཀན་སུའུ་ཅིན་ཁྲོན་ཏ་ཡུན་དགོན་དུ་སྟོན་པའི་རིང་བསྲེལ་གདན་འདྲེན་ཞུ་བའི་མཛད་སྒོ་དང་སྨོན་ལམ་འཚོགས་ཏེ་ཀན་སུའུ་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་ཅིན་ཁྲོན་རྫོང་ལ་རྩིས་སྤྲོད་གནང་བའི་སྟོན་པའི་སྐུ་རུས་བཞི་གདན་འདྲེན་ཞུས་ཤིང་། རྒྱལ་ཁབ་ཕྱི་ནང་གི་བླ་མ་སྐྱེས་ཆེན་མང་པོ་དང་། འགོ་ཁྲིད་དང་སྐུ་མགྲོན། དད་ལྡན་མང་ཚོགས་བཅས་ཀྱི་མདུན་དུ་སྟོན་པའི་རིང་བསྲེལ་ཏ་ཡུན་དགོན་གྱི་རིང་བསྲེལ་མཆོད་རྟེན་དུ་ཞུགས་སུ་གསོལ་བ་རེད།
         ཅིན་ཁྲོན་རྫོང་ནི་གནའ་བོའི་དར་སྐུད་འགྲུལ་ལམ་རྒྱུད་ཀྱི་ནང་བསྟན་རིག་གནས་ཀྱི་གྲོང་བརྡལ་གལ་ཆེན་ཞིག་ཡིན་པ་དང་། 1964ལོ་དང་1969ལོ། 2013ལོ་བཅས་ལ་སྟོན་པའི་རིང་བསྲེལ་ཐེངས་གསུམ་རྙེད་ཅིང་། དེའི་ནང་1964ལོར་རྙེད་པའི་སྟོན་པའི་རིང་བསྲེལ་14ནི་ཀན་སུའུ་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་ནས་ཉར་བ་རེད། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་ཐོབ་པ་བརྒྱུད། ཀན་སུའུ་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གི་སྟོན་པའི་རིང་བསྲེལ་4ཅིན་ཁྲོན་རྫོང་གི་ཏ་ཡུན་དགོན་ནས་འཇོག་རྒྱུ་ཡིན་པ་རེད།
    ༄༅།།ཀན་སུའུ་ཏ་ཡུན་དགོན་གྱིས་སྟོན་པའི་རིང་བསྲེལ་བཞི་ཚུར་གདན་འདྲེན་ཞུས་པ།
    ༄༅།།ཀན་སུའུ་ཏ་ཡུན་དགོན་གྱིས་སྟོན་པའི་རིང་བསྲེལ་བཞི་ཚུར་གདན་འདྲེན་ཞུས་པ།
    ༄༅།།ཀན་སུའུ་ཏ་ཡུན་དགོན་གྱིས་སྟོན་པའི་རིང་བསྲེལ་བཞི་ཚུར་གདན་འདྲེན་ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།