འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྨེ་རུ་དགོན་གྱི་གནའ་བོའི་དཔར་ཁང་ཉམས་གསོ་བྱེད་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རྨེ་རུ་དགོན་གྱི་གནའ་བོའི་དཔར་ཁང་ཉམས་གསོ་བྱེད་བཞིན་ཡོད་པ།
         འདི་ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་ཆགས་ཡོད་པའི་རྨེ་རུ་དགོན་གྱི་གནའ་བོའི་དཔར་ཁང་གི་ཉམས་གསོ་ལས་གྲྭ་དངོས་སུ་ལས་འགོ་ཚུགས་པ་རེད། གནའ་སྲོལ་ཇི་མ་ཇི་བཞིན་ཉམས་གསོ་བྱེད་རྒྱུའི་རྩ་དོན་གཞིར་བཟུང་ནས་ཉམས་གསོའི་ལས་གྲྭར་བོད་ཀྱི་སྲོལ་རྒྱུན་ཨར་ལས་བྱ་ཐབས་ལག་བསྟར་བྱེད་རྒྱུ་ཡིན། ཚོད་དཔག་བྱས་པ་ལྟར་ན་ཉམས་གསོ་ལོ་གཅིག་རིང་བྱས་རྗེས་རྨེ་རུ་དགོན་པ་དེ་ཉིད་གསར་ཉམས་ལྡན་པའི་ངང་ནས་མང་ཚོགས་ཀྱི་མིག་ལམ་དུ་འཆར་རྒྱུ་རེད།
         རྨེ་རུ་དགོན་པ་ནི་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་སྐབས་སུ་གསར་དུ་བཙུགས་པ་དང་། ད་ལྟའི་བར་ལོ་400ལྷག་གི་ལོ་རྒྱུས་ལྡན། ལོ་རྒྱུས་ཡུན་རིང་ལྡན་པའི་རྐྱེན་གྱིས། དཔར་ཁང་དང་གཞོགས་ཁང་གི་ཀ་བ་དང་འཕྲེད་གདུང་། གྱང་ལྡེབས་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད། བོད་རང་སྐྱོང་ལྗོངས་ནོར་སྲིད་དང་། རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། རང་སྐྱོང་ལྗོངས་རིག་དངོས་ཅུས་བཅས་ཀྱིས་མཉམ་དུ་མ་དངུལ་སྒོར་ཁྲི་3000བཏང་ནས་གནའ་བོའི་དཔར་ཁང་འདི་ལ་ཉམས་གསོ་མཐའ་འཁྱོལ་བ་ཞིག་བྱེད་རྒྱུ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།རྨེ་རུ་དགོན་གྱི་གནའ་བོའི་དཔར་ཁང་ཉམས་གསོ་བྱེད་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།