འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྤྲོ་སྣང་ཆེན་པོས་རྟེན་འབྲེལ་ཆེ་མོ་བསུ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་ཆེད། པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཉམ་འབྲེལ་ཐོག་ཇུས་འགོད་བྱས་པའི་གནས་ཚུལ་དངོས་མཚོན་གྱི་རིམ་སྤེལ་གློག་བརྙན་ཆེ་གྲས་《བོད་ལྗོངས་》ཞེས་པ་དེ་ཚེས་5ཉིན་ནས་བཟུང་པེ་ཅིང་སྲུང་སྐར་བརྙན་འཕྲིན་དང་བོད་ལྗོངས་སྲུང་སྐར་བརྙན་འཕྲིན་ཐོག་དུས་གཅིག་ཏུ་བསྟན་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་ལྗོངས་》ཞེས་པའི་གློག་བརྙན་དེ“བླ་ན་མེད་པའི་མངའ་ཁོངས”དང་། “སྐལ་པ་བཟང་བའི་གསར་སྐྱེས”“བླ་སྤྲུལ་ཡང་སྲིད”བཅས་བརྗོད་དོན་གཙོ་བོ་གསུམ་དུ་དབྱེ་བ་དང་བརྗོད་དོན་གཙོ་བོ་རེར་ལེའུ་གཉིས་དང་ཁྱོན་ལེའུ་དྲུག་ཡོད་པ་རེད། གནས་ཚུལ་དངོས་མཚོན་གྱི་གློག་བརྙན་དེའི་ནང་དོན་རྒྱུད་རིམ་ལྡན་ལ་ཁ་གསལ་བ་དང་གོ་བདེ་ཤེས་སླའི་ངང“བོད་འདི་ཉིད་གནའ་སྔ་མོ་ནས་ཀྲུང་གོའི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ཞེས་བརྗོད་དོན་གང་ཡིན་ནམ”དང“བོད་ས་ཁུལ་དུ་དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་རྒྱུས་ཀྱི་དོན་སྙིང”དང་དེ་བཞིན“བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་དེ་ཇི་ལྟར་ཡིན་ནམ”བཅས་རྒྱས་བཤད་བྱས་པ་ཡོད་པ་རེད། རྣམ་གྲངས་ཀྱི་འཕེལ་རིམ་ནང་གནས་ཚུལ་དངོས་མཚོན་གློག་བརྙན་དེའི་གཙོ་རྩོམ་ཚོགས་པས་གནས་ཚུལ་དངོས་མཚོན་གློག་བརྙན་འཁྲབ་ཁྲིད་བྱེད་སྟངས་སྒོ་ཀུན་ནས་རིམ་སྤོར་དང་གསར་བརྗེས་བྱས་པ་དང་། དངོས་ལྗོངས་པར་ལེན་དང་ཁྱད་ནུས་གཉིས་ཟུང་འབྲེལ་ལེགས་པར་བྱས་ནས་ཕྱོགས་མང་པོའི་ཐད་རྟོག་བཟོ་བསྒར་འཇུག་ལག་རྩལ་དང་ཚད་གསུམ་ཁྱད་ནུས་ལག་རྩལ་བེད་སྤྱོད་བཏང་བས་གཏོས་ཆེ་ལ་དཔོག་དཀའ་བའི་ལོ་རྒྱུས་དེ་ལེ་ཚན་ཁྲོད་གོ་བདེ་ཤེས་སླ་དང་། ཐད་མཐོང་། ལྟད་མོ་ཆེ་བ་བཅས་སུ་འགྱུར་བ་དེ་རྒྱལ་ཡོངས་ཀྱི་ངོས་ནས་བརྗོད་ན་ཐོག་མ་ཡིན་པ་རེད།
         བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་དང་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་65འཁོར་བར་བསུ་བ་ཞུ་བའི་དུས་དེར་ཆབ་མདོ་གྲོང་ཁྱེར་གྱིས་རྟེན་འབྲེལ་ཆེ་མོར་བསུ་བ་ཞུ་བ་དང་། བདེ་འཇགས་འགན་ལེན་བྱེད་པ། ཁོར་ཡུག་མཛེས་བཟོ་བྱ་རྒྱུ་བཅས་ཀྱི་སྐུལ་སློང་ཚོགས་ཆེན་འཚོགས་ཏེ་དུས་མཚམས་གོང་མའི་རྟེན་འབྲེལ་ཆེ་མོའི་བྱེད་སྒོའི་གྲ་སྒྲིག་གནས་ཚུལ་ཕྱོགས་སྡོམ་བྱས་པ་དང་རྟེན་འབྲེལ་ཆེ་མོའི་བྱེད་སྒོའི་ལས་དོན་ཁག་སྔར་བས་བཀོད་སྒྲིག་བྱས་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་དང་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་65འཁོར་བའི་རྟེན་འབྲེལ་ཆེ་མོའི་བྱེད་སྒོ་ཁག་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་ཐུགས་གྲ་ལེགས་འགྲིག་དང་། འཆམ་མཐུན། དགའ་སྤྲོ་བཅས་ལྡན་པ་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་པ་རེད། རྟེན་འབྲེལ་ཆེ་མོར་བསུ་བ་ཞུ་བའི་རྣམ་པ་སྔར་བས་གཏོད་པ་དང་ལས་བྱེད་ལས་བཟོའི་བསམ་བློ་གཏོང་ཕྱོགས་ལེགས་སུ་འགྲོ་ཆེད་ཆབ་མདོ་ཁ་རུབ་ཆུས་ཀྱིས་གྲོང་ཚོར་(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གི་ཁྱབ་ཁོངས་ནང“རྟེན་འབྲེལ་ཆེ་མོར་བསུ་བ་ཞུ·རང་ཉིད་ཀྱི་གྲོང་ཚོར་བཅའ་སྡོད་ཀྱི་སྒྲུང”ཞེས་པའི་གཏམ་བཤད་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད། འགྲིམ་འགྲུལ་ལམ་བུ་གལ་ཆེན་དང་། གྲོང་མིའི་སྡེ་ཁུལ། བྱེད་སྒོ་སྤེལ་ཡུལ་གལ་ཆེན་བཅས་ལ་རྟེན་འབྲེལ་མཚོན་བྱེད་ཀྱི་བྱང་བུ་དང་རྣམ་པར་བཀྲ་བའི་དར་ཚོན་བཀལ་ཡོད་པ་དང་ས་ཆ་མང་པོར་ད་དུང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་དྲིལ་བསྒྲགས་བྱང་བུ་དང་། དར་ཚོན། འཕྲེད་འགེལ་ཡི་གེ ཚོན་ཁྲ་ཅན་གྱི་གློག་བཞུ་བཅས་བཀལ་ནས་དུས་ཆེན་གྱི་རྣམ་པ་བཏོད་དེ་གཙང་གསུམ་བུ་ཕྲུག་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་གཙང་གསུམ་ས་གཞི་ཆེ་མོའི་ཉམས་འགྱུར་མངོན་པར་བྱེད་པ་གསར་འགོད་པས་མཐོང་བྱུང་།
         བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུ་ཆེད། ནག་ཆུ་ས་ཁུལ་གྱིས་ཁྲོམ་གཞུང་གཙོ་བོ་ཁག་ཏུ་དར་ཚོན་བཀལ་བ་དང་དུད་ཚང་དང་ཁེར་རྐྱང་ཚོང་དུད་ཀུན་གྱིས་སྐར་ལྔའི་དར་དམར་གསར་རྐྱང་བཀལ་བས་ནག་ཆུ་ས་ཁུལ་དུ་སྤྲོ་སྣང་ལྡན་པའི་དུས་ཆེན་གྱི་རྣམ་པས་ཁེངས། དུས་མཚུངས་ཁྲོམ་གཞུང་གཙོ་བོ་ཁག་གི་ལམ་ངོས་ཉམས་བཟོ་དང་བདག་སྐྱོང་བྱས་པ་དང་། གྱང་རྙིང་པར་དཀར་རྩི་བཏང་བ། ཚན་པ་ཁག་སྐུལ་སློང་གིས་གཙང་སྦྲ་བཅས་བྱས་ཏེ་རྣམ་པ་བཟང་པོའི་ཐོག་ནས་རྟེན་འབྲེལ་ཆེ་མོར་བསུ་བ་ཞུ་ཡི་ཡོད་པ་རེད། ཚན་པ་ཁག་གིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་འཕྲེད་འགེལ་ཡི་གེ་བཀལ་བ་དང་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ་སོགས་ལ་བརྟེན་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུ་ཡི་ཡོད་པ་རེད།
         ཟླ་9ཚེས་2ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་གིས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་ངོ་མཚར་ལྡན་པའི་རིག་རྩལ་ལེ་ཚན་མཉམ་འཁྲབ་བྱས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེ་མོར་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་བསྣན་ཡོད་པ་རེད།
         ལྟད་མོ་བ་བསོད་ནམས་ཚེ་དབང་གིས“དེ་རིང་གི་རིག་རྩལ་མཉམ་འཁྲབ་དེ་དངོས་གནས་ལྟད་མོ་ཆེན་པོ་འདུག ང་ཚོ་མཉམ་འཛོམས་བྱས་ཏེ་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་ཐུན་མོང་ཐོག་དྲན་གསོ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུ་གི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ང་ཚོའི་རྒྱལ་ཁབ་འདི་སྔར་བས་མངའ་ཐང་སྟོབས་འབྱོར་ལྡན་པ་དང་ང་ཚོའི་འཚོ་བ་ཇེ་ཡག་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད་པ་རེད། ༼ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། ༽
      

    ཕྱོགས་བསྡུས་གསར་འགྱུར།