འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་རྫོང་དབུལ་པོའི་སྲིད་འཛིན་གྲོང་ཚོར་བུ་བཅོལ་ཁང་939སྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་01ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོར་ཀན་སུའུ་ཞིང་ཆེན་གྱིས་རྫོང་དབུལ་པོ་58ཀྱི་མི་2000ཡན་ཡོད་པའི་སྲིད་འཛིན་གྲོང་ཚོར་བུ་བཅོལ་ཁང་939བསྐྲུན་ནས་རྫོང་དབུལ་པོའི་སློབ་ཞུགས་གོང་གི་ལོ་གསུམ་རིང་བུ་བཅོལ་ཁང་དུ་ཞུགས་ཚད་55%ཡི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད།
         ཀན་སུའུ་ཞིང་ཆེན་གྱི་རྫོང་དབུལ་པོ་58ལ་སྲིད་འཛིན་གྲོང་ཚོ་ཁྱོན་12491ཡོད་པར་མིག་སྔའི་བར་བུ་བཅོལ་ཁང་2569ཡོད་པ་དེའི་ནང་མི་2000ཡན་ཡོད་པའི་སྲིད་འཛིན་གྲོང་ཚོའི་བུ་བཅོལ་ཁང་ཁྱབ་ཚད་46.8%ཙམ་ཡིན་པ་དང་། སྲིད་འཛིན་གྲོང་ཚོ་1074ལ་ད་དུང་བུ་བཅོལ་ཁང་མེད་པ་རེད།
         དེར་བརྟེན་ཀན་སུའུ་ཞིང་ཆེན་གྱིས་འདི་ལོ་བརྟག་ཞིབ་མཐིལ་རྟོགས་ཐེངས་མང་བྱས་ནས་མཐར་མི་2000ཡན་ཡོད་པའི་སྲིད་འཛིན་གྲོང་ཚོར་བུ་བཅོལ་ཁང་939བསྐྲུན་རྒྱུ་མ་ཟད། འཛིན་གྲྭ་རེར་སྒོར་ཁྲི་20ཡི་ཚད་གཞི་གཞིར་བཟུང་དུས་འགོའི་མ་དངུལ་སྒོར་དུང་ཕྱུར་5.7སྤྲོད་རྒྱུའི་གཏན་འཁེལ་བྱས་པ་དང་དུས་མཚུངས་འདི་ལོར་བུ་བཅོལ་ཁང་གི་དགེ་རྒན་3600བསྡུས་ནས་གསར་སྐྲུན་བྱས་པའི་གྲོང་གསེབ་ཀྱི་བུ་བཅོལ་ཁང་དུ་དགེ་རྒན་བྱེད་པར་གཏོང་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས་སྲིད་འཛིན་གྲོང་ཚོའི་བུ་བཅོལ་ཁང་འཛུགས་སྐྲུན་གྱི་ལས་དོན་དེ་གཙོ་གནད་ལྟ་སྐུལ་ཞིབ་བཤེར་གྱི་དོན་ཚན་ནང་བཅུག་ནས་གླེང་མོལ་བྱེད་པ་དང་། མིང་གྲལ་འགོད་པ། བརྡ་ཁྱབ་གཏོང་བ་སོགས་ཀྱི་རྣམ་པ་བརྒྱུད་མ་དངུལ་བཀོལ་སྤྱོད་དང་། རྣམ་གྲངས་ཀྱི་མྱུར་ཚད། ལས་གྲྭའི་སྤུས་ཚད་སོགས་ལ་སྐུལ་འདེད་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བུ་བཅོལ་ཁང་939ལོ་མཇུག་གོང་སྐྲུན་ཟིན་པ་དང་འབྲེལ་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།