འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་ཀྱི་ཕུལ་བྱུང་ན་གཞོན་འཐུས་མི་500“ཀྲུང་གོར་སྐྱོད”
    ཅེས་པའི་བྱེད་སྒོའི་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་31ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་དང་ཀྲུང་གོའི་ཕྱི་རྒྱལ་སྤེལ་རེས་མཐུན་ཚོགས་ཀྱིས་གཉེར་བའི“སྐབས་བཅུ་པའི་འཛམ་གླིང་གི་ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་ཀྱི་ཕུལ་བྱུང་ན་གཞོན་ཀྲུང་གོར་སྐྱོད”ཅེས་པའི་བྱེད་སྒོ་དེ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་སྤེལ་ཞིང་། གླིང་ཆེན་ཆེ་གྲས་ལྔའི་རྒྱལ་ཁབ་དང་ས་ཁུལ་82ནས་ཡོང་བའི་ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་ཀྱི་ན་གཞོན་འཐུས་མི་500གདན་ཞུས་ལྟར་བྱེད་སྒོར་ཞུགས་པ་དང་ཁོང་ཚོ་ཚང་མ་ནི་ཕྱི་རྒྱལ་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་དུ་འཚར་ལོངས་བྱུང་བ་དང་། བྱ་གཞག་གི་རྨང་གཞི་ལེགས་ཙམ་ལྡན་པ། སྤྱི་ཚོགས་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུར་དགའ་བ་བཅས་མ་ཟད་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཙམ་ལྡན་པའི་ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་ཀྱི་ལས་རིགས་ཁག་གི་ཕུལ་བྱུང་ན་གཞོན་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། “ལང་ཚོའི་ཀྲུང་ཧྭ། ཕུགས་འདུན་མངོན་འགྱུར”ཞེས་བརྗོད་བྱ་གཙོ་བོར་བྱེད་པའི་སྐབས་དེའི“ཀྲུང་གོར་སྐྱོད”ཅེས་པའི་བྱེད་སྒོ་དེ་ཟླ་5ཚེས་24ནས་ཚེས་30ཉིན་བར་ཀྲུང་གོར་སྤེལ་བ་དང་། བྱེད་སྒོ་དེས་ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་ཀྱི་ཕུལ་བྱུང་ན་གཞོན་གླེང་སྟེགས་བརྒྱུད་ཀྲུང་གོའི་ལོ་རྒྱུས་དང་། རིག་གནས། ཕྱི་འབྲེལ་སོགས་ཀྱི་འབྲེལ་ཡོད་ཆེད་དོན་གཏམ་བཤད་སྒྲིག་འཛུགས་དང་། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་ན་གཞོན་མཉམ་འགུལ་སྤེལ་རེས། པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧོ་ནན། ཅང་ཤིས། ཡུན་ནན་སོགས་ལ་ལྟ་སྐོར་དང་རྟོག་ཞིབ་བཅས་བྱས་པ་བརྒྱུད་ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་ཀྱི་ན་གཞོན་དེ་དག་གིས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་གོའི་རིག་གནས་དང་ཀྲུང་གོ་འཕེལ་རྒྱས་འགྲོ་བའི་སྟོབས་ལྡན་རྣམ་པ་ཐད་ཀར་མྱོང་ཚོར་ཐུབ་པ་དང་ཀྲུང་གོའི་ཕུགས་འདུན་གྱི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཐུན་མོང་ཐོག་ལྷུག་པོར་གླེང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།