འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་ནུབ་རྒྱུད་
    ས་ཁུལ་ལ་ཕུལ་བྱུང་གི་བྱིས་གླུའི་དཔེ་དེབ་ཞལ་འདེབས་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་31ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་ནུབ་རྒྱུད་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་ས་ཁུལ)བཅུ་གཉིས་དང་ཤིང་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་སློབ་ཆུང་དང་བུ་བཅོལ་ཁང་ཁ་ཤས་ལ་<<ཀྲུང་ཧྭ་ང་ཡི་ཁྱིམ་ཚང་ཡིན་>>ཞེས་པ་སོགས་ཀྱི་ཕུལ་བྱུང་བྱིས་གླུའི་དཔེ་དེབ་དང་རོལ་དབྱངས་CDའབོར་ཆེན་ཞལ་འདེབས་བརྒྱབ་ནས་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྔན་པ་གྱ་ནོམ་པ་སྤྲད་ཡོད་པ་རེད།
         ཕུལ་བྱུང་བྱིས་གླུ་ནི་གཞོན་ནུ་ལོ་ཆུང་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་སྤེལ་བའི་གསོན་ཉམས་ལྡན་པའི་གཞི་རྟེན་ཞིག་རེད། དེར་བརྟེན་2009ལོ་ནས་བཟུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་། སློབ་གསོ་པུའུ། སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཕུལ་བྱུང་གི་བྱིས་གླུ་འཚོལ་བསྡུ་དང་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྐབས་ལྔ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་སྐྱོན་བྲལ་ཡར་ཐོན་དང་སྙན་འཇེབས་ལྡན་པའི་བྱིས་གླུའི་བརྩམས་ཆོས་འབོར་ཆེན་ཞིག་འདེམས་སྒྲུག་བྱས་པར་བུ་བཅོལ་ཁང་དང་སློབ་ཆུང་དགེ་སློབ་ཚོས་དགའ་པོ་བྱེད་ཀྱི་ཡོད། རྒྱ་ཁྱབ་ངང་འཚོལ་བསྡུ་བྱས་ནས་ཐོན་པའི་ཕུལ་བྱུང་གི་བྱིས་གླུའི་དེབ་དེར་<<ཀྲུང་ཧྭ་ང་ཡི་ཁྱིམ་ཚང་ཡིན་>>ཞེས་མིང་བཏགས་ཡོད།
         སྐབས་ལྔ་པའི་ཕུལ་བྱུང་བྱིས་གླུ་འཚོལ་བསྡུ་དང་ཁྱབ་གདལ་གཏོང་བའི་བྱེད་སྒོ་དེའི་ནང་ཀྲུང་གོའི་ཕུགས་འདུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་བཅས་ཀྱི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་ཡོད་པ་དང་། ས་ཁུལ་ཁག་ནས་འཚོལ་བསྡུ་ཁྱབ་གདལ་དང་། དགེ་སློབ་ཚོས་ཚོད་གཏོང་དཔྱད་མོལ། རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་བཅས་བྱས་པ་བརྒྱུད་ཕུལ་བྱུང་གི་བྱིས་གླུའི་བརྩམས་ཆོས་ཁྱོན་70བདམས་ཡོད། བྱིས་གླུ་དེ་དག་གི་ནང་དོན་ཁ་གསལ་བ་དང་། གོ་བདེ་ཞིང་ཤེས་སླ་བ། སྐྱེ་སྟོབས་ཀྱི་དཔལ་འབར་བ། ཀློག་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས་བྱིས་པ་ཚོས་ཀློག་རྒྱུ་དང་བརྒྱུད་གཏོང་བྱ་རྒྱུར་ཧ་ཅང་འཚམ་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།