འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།“བདེ་ཐང་མྱུར་སྐྱེལ་རླངས་འཁོར”གྱིས་མཚོ་སྔོན་གྱི་སྐྱ་གྲིབ་ཕོག་པའི་ནད་པ་དབུལ་
    པོ་1500ལ་བསྐྱར་མཐོང་གཤགས་བཅོས་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་31ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གྱི་སྐྱ་གྲིབ་ཕོག་པའི་ནད་པ་དབུལ་པོ་7800ལྷག་ཙམ་ལ་བསྐྱར་མཐོང་གཤགས་བཅོས་བྱས་པའི“བདེ་ཐང་མྱུར་སྐྱེལ་རླངས་འཁོར”གྱིས་མཚོ་སྔོན་ལ་ཞབས་ཞུ་བྱེད་ཐེངས་བརྒྱད་པ་ཡིན་ཞིང་། ཟླ་བ་གསུམ་གྱི་ནང་སྐྱ་གྲིབ་ཕོག་པའི་ནད་པ་1500ལྷག་ཙམ་ལ་རིན་མེད་ངང་བསྐྱར་མཐོང་གཤགས་བཅོས་བྱ་རྒྱུ་ཡིན་པ་རེད།
         མཚོ་སྔོན་ཞིང་ཆེན་ས་མཐོར་གནས་པ་དང་དེའི་སྨུག་ཕྱིའི་འོད་འཕྲོ་ཤུགས་ཆེ་བའི་ཁར་གངས་གསོག་ཐེབས་ཡུན་རིང་བའི་དབང་གིས་སྐྱ་གྲིབ་ནད་ཕོག་ཚད་དང་ཐོན་ཚད་མང་པོ་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་རགས་རྩིས་བྱས་པ་ལྟར་ན། ལོ་ལྟར་མཚོ་སྔོན་ལ་སྐྱ་གྲིབ་ཕོག་པའི་ནད་པ་2800ཙམ་གསར་འཕར་ཡོང་གི་ཡོད། མཚོ་སྔོན་ཞིང་ཆེན་གྱིས་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་ཤང་ཀང་དང་ཨའོ་མོན་གྱི་སྤུན་ཟླས་རོགས་དངུལ་གཏོང་བའི་ཀྲུང་ཧྭའི“བདེ་ཐང་མྱུར་སྐྱེལ་རླངས་འཁོར”རྣམ་གྲངས་ཀྱིས་1999ལོར་མཚོ་སྔོན་ལ་ཞབས་ཞུ་བསྒྲུབས་པ་ནས་བཟུང“དབུལ་སྐྱོར་ལོང་བ་སྨན་བཅོས་ཀྱིས་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ”རྩ་དོན་དུ་བཟུང་ནས་པེ་ཅིང་སོགས་ནས་མིག་ནད་སྡེ་ཁག་གི་རིགས་གཅིག་མཁས་ཅན་ཡོང་སྟེ་མཚོ་སྔོན་གྱི་སྐྱ་གྲིབ་ཕོག་པའི་ནད་པ་དབུལ་པོ་7800ལྷག་ཙམ་ལ་བསྐྱར་མཐོང་གཤགས་བཅོས་བྱས་ནས་ཁོང་ཚོའི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་སྒོར་ཁྲི་3900ལྷག་ཙམ་ཡང་དུ་བཏང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི“བདེ་ཐང་མྱུར་སྐྱེལ་རླངས་འཁོར”མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་དུ་བསྡད་ནས་མཚོ་སྔོན་གྱི་ཡུལ་གྲུ་ཚང་མར་རོགས་སྐྱོབ་བྱ་རྒྱུ་ཡིན་པའི་ནང་། གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་། སྔོན་གཤེགས་དཔའ་བོའི་དམག་མིའི་ནང་མི། དམག་ལོག དབུལ་སྐྱོར་བྱ་ཡུལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན། ལས་གནས་ནས་བྲལ་བའི་བཟོ་པ་བཅས་ལ་སྔོན་ལ་ཞབས་ཞུ་བྱ་རྒྱུ་ཡིན་པ་དང་ད་ཐེངས་ནད་པ་1400ལྷག་ཙམ་གྱིས་གཤགས་བཅོས་བྱ་རྒྱུའི་ཐོ་བཀོད་བྱས་ཡོད་པ་རེད།
         “བདེ་ཐང་མྱུར་སྐྱེལ་རླངས་འཁོར”གསུམ་པའི་འགན་འཛིན་ཝང་གཡོད་ཀྲེན་གྱིས་ནད་པ་1500ལ་གཤགས་བཅོས་བྱ་རྒྱུ་གཏན་འཁེལ་བྱུང་བའི་ཐོག་རྣམ་གྲངས་ཚོགས་ཆུང་གིས་གྲངས་ཚད་ལས་བརྒལ་བ་ཕལ་མོ་ཆེ་སྐྱ་གྲིབ་ཕོག་པའི་ནད་པ་དབུལ་པོ་ཡིན་པར་དམིགས་ནས་ཁོང་ཚོར་ཞབས་ཞུ་བྱེད་རྒྱུ་མ་ཟད། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་མིག་ནད་སྡེ་ཁག་ནས་ཡོང་བའི་རིགས་གཅིག་མཁས་པས་མཚོ་སྔོན་གྱི་སྨན་དོན་པ་ཁག་གཅིག་ལ་གསོ་སྦྱོང་བྱས་ནས་དེ་གའི་མིག་ནད་སྡེ་ཁག་གི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་སྦྲགས་བྲལ་ཁར“བདེ་ཐང་མྱུར་སྐྱེལ་རླངས་འཁོར”བཞག་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།